ཕ་ས་གླུ་བྲོའི་ཞིང་ཁམས།

ཕ་ས་གླུ་བྲོའི་ཞིང་ཁམས། ཉན་ཐེངས།

བཀྲ་ཤིས་ཕུན་ཚོགས།

ངོ་སྤྲོད།ཕ་ས་གླུ་བྲོའི་ཞིང་ཁམས།

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ཕ་ས་གླུ་བྲོའི་ཞིང་ཁམས།
ཚིག དབྱངས་ཀྱི་ང་རོ།
དབྱངས། ཧྲི་དཔུང་།
ལེན་མཁན། བོང་སྟག་གླུ་བ་བཀྲ་ཤིས་ཕུན་ཚོགས།

ས་གཡང་ཆགས་པདྨའི་གདན་སྟེང་ན།།
གངས་མཐོན་པོ་ཉི་ཟླའི་རྣ་ཆ་ཅན།།
བཞེངས་མི་དགོས་ཤེལ་གྱི་མཆོད་རྟེན་བརྗིད།།
ངའི་བླ་རི་གངས་དཀར་ཕྱོགས་ལེ་ཡིན།།
སྡེ་བོང་སྟག་དབུ་འཕང་གངས་ལས་མཐོ།།

ས་གཡང་ཆགས་པདྨའི་གདན་སྟེང་ན།།
རི་མཐོན་པོ་སྤྲིན་གྱིས་དབུ་འཕང་བསྟད།།
རྟ་ནོར་ལུག་གཡང་གི་མེ་ཏོག་བཞད།།
ངའི་རྒྱབ་རི་བྲག་དཀར་ཐེམ་ཆེན་ཡིན།།
འབྲོག་བསོད་ནམས་ཅན་གྱི་ཕ་གཞིས་ཡིན།།

ས་གཡང་ཆགས་པདྨའི་གདན་སྟེང་ན།།
བཟོ་ཚོང་ལས་ཕྱུགས་ཀྱི་འབྱོར་བ་སྣུམ།།
སྐད་ཡི་གེ་རིག་པའི་མཚོ་མོ་ལྟེམས།།
ངའི་ཕ་ཡུལ་བོང་སྟག་འབྲོག་སྡེ་ཡིན།།
མི་མཁས་མཛངས་ཅན་གྱི་ཕ་ས་ཡིན།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com