གངས་རིའི་གཞོན་ནུ་གངས་ལ་དགའ།

གངས་རིའི་གཞོན་ནུ་གངས་ལ་དགའ།ཉན་ཐེངས།

ཆོས་དབྱིངས་ལྷ་མོ།

སྤེལ་དུས།2018-06-08 10:30:03

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

གངས་རིའི་གཞོན་ནུ་གངས་ལ་དགའ།
ཚིག མཁའ་འབུམ།
དབྱངས། མཁའ་འབུམ།
གླུ་མ། ཆོས་དབྱིངས་ལྷ་མོ།

༡ སྤུན་ཟླ་ལགས།
ངའི་ཕ་ཡུལ་གངས་རིའི་འདབས་ན་ཡོད། །
ངའི་མིང་ལ་གངས་རིའི་གཞོན་ནུ་ཟེར། །
ང་ཕ་སར་ལྷག་བསམ་དཀར་བ་དེ། །
གངས་དཀར་པོ་དེ་ཡིས་མཚོན་ནས་ཡོད། །
ང་གངས་རིའི་གཞོན་ནུ་གངས་ལ་དགའ། །
ང་གངས་རིའི་གཞོན་ནུ་ལྷག་བསམ་དཀར། །
ངའི་ཕ་སར་ཞབས་འདེགས་ཞུ་བའི་སེམས། །
གངས་ལྷུན་པོ་ལྟ་བུ་བརྟན་ཅིང་བརླིང་། །

༢ སྤུན་ཟླ་ཚོ།
ངའི་ཕ་ཡུལ་རྩྭ་ཐང་སྟེང་ན་ཡོད། །
ངའི་མིང་ལ་རྩྭ་ཐང་གཞོན་ནུ་ཟེར། །
ང་ཕ་སར་དུང་སེམས་ཆེ་བ་དེ། །
ཐང་ཡངས་པོ་དེ་ཡིས་མཚོན་ནས་ཡོད། །
ང་གངས་རོའི་གཞོན་ནུ་གངས་ལ་དགའ། །
ང་གངས་རིའི་གཞོན་ནུ་ལྷག་བསམ་དཀར། །
ང་ཕ་སར་དུང་སེམས་ཆེ་བ་དེ། །
ཐང་ཡངས་པོ་ལྟ་བུ་ཡངས་ཤིང་ཆེ། །

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com