སྣང་བའི་ཁམས།

སྣང་བའི་ཁམས།ཉན་ཐེངས།

དབྱངས་ཅན་ལྷ་མོ།

སྤེལ་དུས།2019-11-11 16:16:43

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

སྣང་བའི་ཁམས།
དབྱངས། མགར་ཨ་བསོད།
རོལ་མོ། དཀའ་ཐུབ་རྒྱལ།

ང་བརྩེ་དུང་ཡོད་ལ་ཁྱེད་ལའང་ཡོད།
ང་རྨི་ལམ་ཡོད་ལ་ཁྱེད་ལའང་ཡོད།
འུ་གཉིས་ཀྱི་བགྲོད་ལམ་གཅིག་མཐུན་བྱུང་ན།
སེམས་མི་མཐུན་བམས་ཀྱང་རང་དབང་ཆེ་ཡོད།

དུས་དེང་སེང་ལང་ཚོའི་རྦ་རླབས་འཕྱོ་དུས།
སེམས་བསམ་པའི་ཕྱི་ནང་ཕན་ཚུན་ཡིན་ན།
སེམས་ཚིག་ཐོག་འདི་ཡིན་ཁོ་ཐག་མེད་ཀྱང་།
ངས་ལས་ཀྱི་མདུད་པ་ཁྱེད་ལ་འཐུད་འདོད།

ང་ནོར་འཕྲུལ་ཡོད་ལ་ཁྱེད་ལའང་ཡོད།
ཁྱེད་ཁོག་ཡངས་ཡིན་ལ་ངས་ཀྱང་འབད་ཆོག
གཅིག་གཅིག་ཆ་ལོན་རྒྱུས་ལོན་བྱུང་ན།
གནས་གཅིག་ལ་མི་ཆགས་རང་དབང་ཆེ་ཡོད།

དུས་ད་ལྟར་ཚོར་བའི་མཚོ་མོ་འཁྱིལ་དུས།
ཆུ་ཉྭ་མོའི་དཔེར་འཇོག་འུ་གཉིས་ཡིན་ན།
མཚོ་ཐན་པས་ཁྱེར་བའི་འཇིག་ཉེན་ཡོད་ཀྱང་།
ངས་རྣམ་ཤེས་མདུད་པ་ཁྱེད་ལ་མཐུད་འདོད།

ཧེ་་་་་་་་་ལས་ཀྱི་མི་བུ།
ཧེ་་་་་་་་ཁོ་ཐག་མེད་ཀྱང་།
ཧེ་་་་་་་་ཕན་ཚུན་མཐུན་ན།
ཧེ་་་་་་་་་བློ་འགྱོད་མི་འདུག

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com