སེམས་ཀྱི་སྨོན་བཟང་།

སེམས་ཀྱི་སྨོན་བཟང་།ཉན་ཐེངས།

ཚེ་རིང་ལྷ་མོ།

སྤེལ་དུས།2018-05-01 16:52:03

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

སེམས་ཀྱི་སྨོན་བཟང་།
ཚིག ལྷ་རྩེའི་ཁུ་བྱུག
དབྱངས། རིན་ཆེན་འབུམ།
གཞས་མ། ཚེ་རིང་ལྷ་མོ།

རིགས་བཟང་གསེར་གྱི་སྐུད་པས།།
མཛའ་བརྩེའི་མེ་ཏོག་བཅིངས་པའི།།
ཆོལ་གསུམ་ལྷ་ཡི་གདུང་རྒྱུད།།
ངོ་མཚར་ལོ་རྒྱུས་རང་འགྲུབ།།
མཐུན་སྒྲིལ་གངས་ཀྱི་རྨུ་ཐག།
མི་འགྱུར་གཡུང་དྲུང་རི་མོ།།
ལྷ་ཕྲུག་གཞོན་ནུའི་ཞལ་རྒྱུན།།
དབྱངས་གསལ་ཡིད་བཞིན་ནོར་བུ།།
དུས་རབས་ཐང་ཆེན་བསྐྱོད་དུས།།
བྱམས་བརྩེའི་འོ་མ་དཀར་དགོས།།

གངས་རིའི་འདབས་ནས་ཡོང་བའི།།
འཛམ་གླིང་སྐོར་བ་རྒྱག་པའི།།
གཤིས་ཡག་སྣ་མའི་མེ་ཏོག།
དྲི་བསུང་སྐལ་བཟང་རྩེན་པའི།།
རང་རིགས་ཁ་བའི་ན་གཞོན།།
རིག་གཞུང་གསེར་གྱི་རྣ་རྒྱན།།
ལང་ཚོའི་མགུལ་དུ་སྤུད་ཅིང་།།
མིག་ཟུང་མདུན་ལ་བལྟས་ནས།།
ཡ་རབས་སྤྱོད་པ་བཟང་པོས།།
བསོད་ནམས་ཡར་ལ་ཆས་འགྲོ།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com