འཁྲེང་སེམས།

འཁྲེང་སེམས།ཉན་ཐེངས།

གནམ་ལྷ།

ངོ་སྤྲོད།ཚིག། སྙིང་ལྕགས། རྩེ་གཞུང་གདུགས་དཀར་སྐྱབས།རིག་རྡོར། དབྱངས། རིག་རྡོར། རོལ་མོ། རིག་རྡོར། བརྙན་ལེན་སྒྲིག་བཟོ། བསེ་སྐྱེས་དོན་འགྲུབ། སྒྲ་ལེན་པ། བསེ་སྐྱེས་དོན་འགྲུབ། ལེན་མཁན། གནམ་ལྷ།

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

འཁྲེང་སེམས།

ཚིག། སྙིང་ལྕགས། རྩེ་གཞུང་གདུགས་དཀར་སྐྱབས།རིག་རྡོར།
དབྱངས། རིག་རྡོར།
རོལ་མོ། རིག་རྡོར།
བརྙན་ལེན་སྒྲིག་བཟོ། བསེ་སྐྱེས་དོན་འགྲུབ།
སྒྲ་ལེན་པ། བསེ་སྐྱེས་དོན་འགྲུབ།
ལེན་མཁན། གནམ་ལྷ།

འུ་གཉིས་ཀྱི་བར་ཐག་དེ་རི་དང་གཙང་པོས་བཅད།
བཅད་ནས་ཡུན་རིང་འགོར།
ལས་དབང་གི་ཆུང་འདྲིས་ཁྱེད་དང་ཐུག་འདོད་འདུན་པ།
འདུན་པ་ཧ་ཅང་དྲག
མཛེས་པའི་ཞལ་རས་དེ་དང་སྙན་པའི་གསུང་དབྱངས་དེ།
དྲན་པའི་གཏིང་ལ་ཟུག་ཡོད། baby
བརྗེད་ཐབས་མི་འདུག
དམ་ཚིག་ལ་གཏོར་སྐྱོན་མ་གཏོང་སྙིང་སྡུག
ན་ཟུག་ལ་ཁ་སྣོན་མ་རྒྱག་ཆུང་འདྲིས།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
མཛེས་པའི་བུ་མོ། སེམས་སོང་བུ་མོ།

(rap)

འུ་གཉིས་ཕན་ཚུན་ལས་ཀྱིས་ས་མཐར་བརྐོས་ཀྱང་།
ནང་སེམས་ན་ཡོད་ནོ་ཁྱོད་རེད།
ཞེ་ལ་ཐོགས་ནོ་ཁྱོད་རེད།
ངའི་དྲན་པ་འདི་ཁྱེད་ཀྱིས་ཨེ་ཚོར་མི་ཚོར་ཆུང་འདྲིས་ལགས།
དུས་ནམ་ཡིན་རུང་།
དུས་རྒྱུན་དུ་སེམས་ལ་ཟུག་པའི་དམ་བཅའ་དེ་དྲན།
དྲན་ནས་ཞེ་རེ་སྨྲེང་།
ཆ་རྒྱུས་ཡོད་པའི་གླུ་གཞས་དེ་གྲགས་ཡོང་དུས།
འུ་གཉིས་ཀྱི་ཁ་ཐག་ཧ་ཅང་ཐུང་ན་བསམ།
དྲན་གདུང་གི་མིག་ཆུ་མེད་ན་བསམ།
ང་ཡི་ཆུང་འདྲིས
སྙིང་གི་ནོར་བུ།
Baby
འུ་གཉིས་ཀྱི་བར་ཐག་སེམས་དང་སེམས་པས་སྦྲེལ།
སྦྲེལ་ནས་ལོ་ཟླ་འགོར།
སྙིང་ཁོང་གི་ཆུང་འདྲིས་ཁྱེད་དང་འཛོམས་འདོད་ཀྱི་རེ་བ།
རེ་བ་ཧ་ཅང་དྲག
མཛེས་པའི་འཛུམ་མདངས་དེ་དང་འཇམ་པོའི་སྐད་ཆ་དེ།།
ཡིད་ཀྱི་གཏིང་ལ་ཟུག་ཡོད། baby
བརྗེད་ཐབས་མི་འདུག
བརྩེ་བ་ལ་གས་ཆག་མ་གཏོང་སྙིང་སྡུག
དྲན་པ་ལ་ན་ཟུག་མ་གནང་ཆུང་འདྲིས།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
བརྩེ་བ་ལ་གས་ཆག་མ་གཏོང་སྙིང་སྡུག
དྲན་པ་ལ་ན་ཟུག་མ་གནང་ཆུང་འདྲིས།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
མཛེས་པའི་བུ་མོ། སེམས་སོང་བུ་མོ།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com