མ་སྔ།

མ་སྔ།ཉན་ཐེངས།

འཇམ་དབྱངས་རྒྱ་མཚོ། པདྨ་མཚོ།

སྤེལ་དུས།2019-08-03 15:57:34

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

མ་སྔ།

གཞས་ཚིག འཇིགས་མེད་ནུབ་པ།
གཞས་དབྱངས། ཡོན་ཏན་མགོན་པོ།
ལེན་མཁན། འཇམ་དབྱངས་རྒྱ་མཚོ། པདྨ་མཚོ།

འཇིག་རྟེན་ཁྲ་ཁྲ་ཟིང་ཟིང་། །
སྤྱི་ཚོགས་ཆེ་ཆེ་ཆུང་ཆུང་། །
མི་གཤིས་སྔ་འགྱུར་ཕྱི་འགྱུར། །
སེམས་པ་ཤོར་བའི་མི་དེར། །
སྟིང་གཏམ་བཤད་ན་ཨེ་འགྲིག །

ཨ་རོ་སྨན་ཆུང་།
སེམས་པ་ཤོར་བའི་མི་དེར།
སྙིང་གཏམ་བཤད་རྒྱུ་མ་སྔ།

མི་ཚེ་རིང་ཐུང་ཆ་མེད།
འཚོ་བ་ཡག་ཡག་སྡུག་སྡུག
ཕུགས་བསམ་ཡོད་མེད་གཉིས་ཀ།
སེམས་པ་ཤོར་བའི་མི་དེར།
དམ་བཅའ་བཞག་ན་ཨེ་འགྲིག

ཨ་རོ་སྟག་ཤར།
སེམས་པ་ཤོར་བའི་མི་དེར།
དམ་བཅའ་འཇོག་རྒྱུ་མ་སྔ།

འཇིག་རྟེན་ཁྲ་ཁྲ་ཟིང་ཟིང་། །
སྤྱི་ཚོགས་ཆེ་ཆེ་ཆུང་ཆུང་། །
མི་ཚེ་རིང་ཐུང་ཆ་མེད། །
འཚོ་བ་ཡག་ཡག་སྡུག་སྡུག །

རང་སེམས་མཐུན་པའི་མི་ཞིག
ག་ལེར་འཚོལ་བ་གནང་དང་།

རང་སེམས་མཐུན་པའི་མི་ཞིག
ག་ལེར་འཚོལ་བ་གནང་དང་།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com