ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།

ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།ཉན་ཐེངས།

རྡོ་བ་ཆོས་གྲགས།

སྤེལ་དུས།2018-12-03 14:25:54

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།

ཚིག རྡོ་བ་ཆོས་གྲགས།
དབྱངས། རྡོ་བ་ཆོས་གྲགས།
ལེན་མཁན། རྡོ་བ་ཆོས་གྲགས།
MIDI རོལ་མོ། རྡོ་བ་ཆོས་གྲགས།

རྡོ་བ་ཆོས་གྲགས་ཀྱི་རོལ་དབྱངས་བརྩམས་ཆོས། ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།

༡ རི་མཐོ་བའི་མཐོན་པོ་བོད་ན་ཡོད།།
ཆུ་མོ་དྭངས་མའི་གཙང་མ་བོད་ན་ཡོད།།
རྩྭ་ཐང་ཡངས་པོའི་ཡངས་པ་བོད་ན་ཡོད།།
ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།།

༢ སྲོལ་བཟང་ལེགས་པའི་ཡག་པོ་བོད་ན་ཡོད།།
ཕ་མར་བཀུར་བའི་བུ་ཆུང་བོད་ན་ཡོད།།
རྒྱུ་འབྲས་བརྩི་བའི་གཞུང་དྲང་བོད་ན་ཡོད།།
ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།།

༣ ཁང་བརྩེགས་སྔ་བའི་ཕོ་བྲང་བོད་ན་ཡོད།།
ཡི་གེ་ལེགས་པའི་གསལ་བྱེད་བོད་ན་ཡོད།།
གཏམ་རྒྱུད་རིང་བའི་རིང་མོ་བོད་ན་ཡོད།།
ངོ་མཚར་ཆེ་བའི་ཕ་ཡུལ་གངས་ལྗོངས་ལགས།།

༤ རྒྱལ་བསྟན་ཟབ་མོའི་སྲོག་ཤིང་བོད་ན་ཡོད།།
འཚེ་མེད་སྤྱོད་པའི་དེད་དཔོན་བོད་ན་ཡོད།།
བློ་རིག་རྒོད་པོའི་མཁས་མཆོག་བོད་ན་ཡོད།།
འགྲན་མེད་གནས་མཆོག་ཕ་ཡུལ་གངས་ལྗོངས་ལགས།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com