ས་ཆེན་གྱི་སྐྱོ་གླུ།

ས་ཆེན་གྱི་སྐྱོ་གླུ།ཉན་ཐེངས།

སྐལ་བཟང་བཀྲ་ཤིས།

སྤེལ་དུས།2018-11-27 22:00:35

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ས་ཆེན་གྱི་སྐྱོ་གླུ།

གླུ་ཚིག བིས་མདོ་བ་རྟ་མགྲིན་འབུམ།
དབྱངས། རྡོ་བ་ཆོས་གྲགས་ཀྱིས་བརྩམས།
ལེན་མཁན། སྐལ་བཟང་བཀྲ་ཤིས།
ཁྱབ་ཁོངས། དུས་གླུ།

རྡོ་བ་ཆོས་གྲགས་ཀྱི་རོལ་དབྱངས་བརྩམས་ཆོས། རིང་ལུགས-དུས་གླུ།

འདི་ནི་རང་རེའི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ལ་བཏེགས་པའི་སྐྱེམས་ཆང་ཡང་ཡིན།
ང་ནི་ས་གཞི་ཡིན།
ང་ནི་རི་རབ་དང་ཁང་ཁྱིམ་འཁུར་བའི་ས་གཞི་ཡིན།
ཁྱོད་ཀྱིས་ང་ཡི་གཏེར་རྒྱུན་མ་གཅོད།
གཏེར་ཁ་ནི་ང་ཡི་ལྷོག་ལྷོག་ལྡིང་བའི་སྙིང་ཆུང་ཡིན།

ང་ནི་ས་གཞི་ཡིན།
ང་ནི་གླིང་ལྔ་དང་མཚོ་བཞི་འཁུར་བའི་ས་གཞི་ཡིན།
ཁྱོད་ཀྱིས་ང་ཡི་རྩི་ཤིང་མ་གཅོད།
རྩི་ཤིང་ནི་ང་ཡི་གནག་ཅིང་གནུམ་པའི་སྐྲ་ལོ་ཡིན།

ང་ནི་ས་གཞི་ཡིན།
ང་ནི་གནམ་འོག་གི་སེམས་ཅན་འཁུར་བའི་ས་གཞི་ཡིན།
ཁྱོད་ཀྱིས་ང་ཡི་མཁའ་དབུགས་མ་རྙོགས།
མཁའ་དབུགས་ནི་ང་ཡི་ཚེ་སྲོག་གི་རྟེན་ཐག་ཡིན།

ང་ནི་ས་གཞི་ཡིན།
ང་ནི་ཉི་ཟླ་སྐར་གསུམ་གྱིས་བརྒྱན་པའི་ས་གཞི་ཡིན།
ཁྱོད་ཀྱིས་ང་ཡིས་ཆུ་བོ་མ་དཀྲུགས།
ཆུ་བོ་ནི་ངའི་ཚེ་སྲོག་གི་འབྱུང་གནས་ཡིན།

ང་ནི་ས་གཞི་ཡིན།
ང་ནི་ཤེས་རིག་གི་འོད་སྣང་འཁུར་བའི་ས་གཞི་ཡིན།
ཁྱོད་ཀྱིས་རང་སེམས་ལ་གཙང་སྦྲ་བྱོས་།
གཙང་སྦྲ་ནི་ངའི་ཚེ་སྲོག་གི་རྒྱུན་ཐག་ཡིན།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com