བཞུད་ལམ་དཀར་པོ།

བཞུད་ལམ་དཀར་པོ།ཉན་ཐེངས།

ཀླུ་རྒྱལ་དབང་ཕྱུག

སྤེལ་དུས།2018-09-21 13:04:37

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

བཞུད་ལམ་དཀར་པོ།

ཚིག གཅོད་པ་འཚོ།
དབྱངས། ཀླུ་རྒྱལ་དབང་ཕྱུག
ལེན་མཁན། ཀླུ་རྒྱལ་དབང་ཕྱུག

མིག་ཆུའི་བྲང་ཁ་བརླན་པའི་སྐྱོ་སྣང་ལྕི་མོ།།
ཁྱེད་ཉིད་གཏན་དུ་བཞུད་པའི་སྐད་ཆ་རྩུབ་མོ།།
ཚེ་འདི་མི་རྟག་སྟོན་ཟླ་བརྒྱད་པའི་བ་མོ།།
མཛད་འཕྲིན་རེ་རེ་མི་ནོག་སེམས་ཀྱི་རི་མོ།།

བཙན་ཕྱུག་མངའ་ཐང་འཛོམས་པའི་མི་ཚེ་བསྐྱུར་ཏེ།།
བདེ་སྐྱིད་གཡས་སུ་འཁོར་བའི་འཚོ་བ་བཞག་སྟེ།།
མི་ཁ་འདུ་འཛི་སྟོང་གི་ན་ཟུག་ཁུར་ཏེ།།
ཁྱེད་ཉིད་མ་བཞུགས་འདི་ལྟར་གཏན་དུ་བཞུད་སོང་།

བཙན་པོ་གཉའ་ནས་གནོན་པའི་དྲང་བདེན་ཅན་པོ།།
གཉོམ་ཆུང་འདབ་ནས་སྐྱོངས་བའི་ལྷག་བསམ་ཅན་པོ།།
འབངས་ཀྱི་བདེ་སྡུག་བསམ་པའི་གོ་རྟོགས་ཅན་པོ།།
རུ་སྡེ་འདི་ཡི་འགོ་བ་བྱམས་སེམས་ཅན་པོ།།

བརྩེ་བ་དྲོན་མོའི་ལག་བརྡ་འབངས་ལ་བཞག་ཡོད།།
བྱ་བཞག་རྣལ་མའི་ལག་རྗེས་སྡེ་ལ་བཞག་ཡོད།།
སྐྱིད་སྡུག་འདྲེས་མའི་འཛུམ་མདངས་ཕུ་ནུར་བཞག་ཡོད།།
དོན་གྱི་གནས་ལུགས་ཟབ་མོ་མི་ཚེར་བཞག་ཡོད།།

མི་ཡུལ་ངུ་མ་དགོད་ཀྱི་རྩེད་ར་འདི་ནས།།
མི་འགྱུར་དྲང་བདེན་སྲུང་བའི་ཨ་མའི་བུ་ལ།།
མི་བསླུ་རྟེན་འབྱུང་དོན་གྱི་ངོ་བོ་བསམ་ན།།
མི་ཡི་དལ་འབྱོར་རྟེན་ལ་སྙིང་བོ་ལོན་འདུག །

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com