ཡུལ་དུངས།

ཡུལ་དུངས།ཉན་ཐེངས།

དབྱངས་ཅན་ལྷ་མོ།

སྤེལ་དུས།2018-08-20 00:24:53

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ཡུལ་དུངས།
གཞས་མ། དབྱངས་ཅན་ལྷ་མོ།

ངའི་ལས་དབང་གི་ཆོ་འཕྲུལ།
གཡུག་འདོད་ཇི་ལྟར་གཡུག
ངའི་སྡུག་འདི་སུ་ལ་བཤད།
ད་ནི་གང་ལ་ལོག

ཡུལ་བུ་ཆུང་སེམས་པའི་ཡུལ།
ལྟོས། མདུན་ན་རེ་བ་ཡོད།
འོ། རྒྱབ་དུ་སྤོབས་པ་ཡོད།
ལོག། ད་ནི་ཡུལ་ལ་ལོག

རྩྭ་ཐང་དང་ནོར་གནག་མེད་དུས་སུ།
ས་མཐའ་ནས་ཕ་ཡུལ་དྲན་གླུ་བླངས།
ཉི་མ་དང་ཟླ་བར་སྒུག་ཐེངས་རེར།
སེམས་ཁྱེད་ཀྱི་ཕྱོགས་སུ་འཁོར་ནས་ཡོད།

ངའི་བརྩེ་དུང་གི་ཤ་འཁོན།
སུ་ཡིས་སུ་ལ་ཆད།
ངའི་མིག་ཟུང་སུ་ལ་སྟོན།
སེམས། མིག་ཆུ་དབང་མེད་ཤོར།
A4
ཡུལ་བུ་མོ་སེམས་པའི་ཡུལ།
ཉོན། མདུན་ན་ལྷག་སེམས་དང་།
འོ། རྒྱབ་དུ་ངར་ཤུགས་ཡོད།
འགྲོ། ད་ནི་ཡུལ་ལ་འགྲོ།

དགུང་ཨ་སྔོན་བསམ་པ་དཀར་པོ་རེད།
ས་མཐའ་ནས་ཡུལ་གྱི་བསྟོད་གླུ་ལེན།
གངས་བབས་པའི་ཤུལ་ལ་ཉི་ཟེར་ཤར།
ས་འདི་ཚོ་བསམ་པ་དཀར་པོ་རེད།

ཉི་མ་དང་ཟླ་བར་སྒུག་ཐེངས་རེར།
ལམ་དེད་ནས་ཕྱིར་ལ་ལོག་བཞིན་ཡོད།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com