གངས་ལྗོངས་བུ་མོ།

གངས་ལྗོངས་བུ་མོ།ཉན་ཐེངས།

སྙིང་མོ།

སྤེལ་དུས།2018-08-16 12:58:11

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

གངས་ལྗོངས་བུ་མོ།
ཚིག་དང་དབྱངས་དམངས་ཁྲོད།
གླུ་མ་སྙིང་མོས་བླངས།

གངས་རི་དཀར་པོ་འདྲ་བའི་སེམས་པ་ཡོད།།
རྨ་བྱའི་སྒྲོ་གུར་འདྲ་བའི་འཇོ་སྒེག་ཡོད།།
ཁུ་བྱུག་དབྱངས་ལ་འགྲན་པའི་སྐད་ངག་ཡོད།།
མ་ཡུམ་བཟང་མོ་ཁྱོད་ཀྱི་གཤིས་འཇམ་ཡོད།།
སྒྲོལ་མ་དཀར་མོའི་ལུས་ཀྱི་རྣམ་པ་ཡོད།།
སྒྲོལ་མ་ལྗང་མོའི་ཐུགས་ཀྱི་བྱམས་སེམས་ཡོད།།
དཀར་མོའི་ཆོས་ཀྱི་བྱིན་རླབས་ཡིད་ན་ཡོད།།
ཁ་བའི་ལྗོངས་ཀྱི་ཨ་མ་སྒྲོལ་མ་ཡིན།།
ང་ནི་གངས་ཅན་པ་ཡི་བུ་མོ་ཡིན།
ང་ནི་ཁ་བ་རི་བོའི་བུ་མོ་ཡིན།
------------------------------------------------
ཆོས་དཀར་པོ་ཞིང་འདི་ཨེ་མ་ཧོ།
ཚིག་རི་ཕྱོར་བ་སྟོབས་ལྡན་རྒྱལ།
དབྱངས་བསམ་འགྲུབ་ཚེ་རིང་།
གླུ་མ་སྙིང་མོས་བླངས།

ལྷ་ཁང་གསེར་ཁང་གཞེངས་འདྲ།
ལྷ་ཚོགས་སྐར་ཚོགས་ཤར་འདྲ།
ཡ་ལེ་་་གསེར་ཀྱི་མཆོད་རྐོང་ལ་་་དངུལ་གྱི་ཁ་དཀྲིས་ཡག་།
ཡ་ལེ་་་དུང་གི་ཀ་བ་ལ་གཡུ་ཡི་ཕྲ་བརྒྱན་ཡག་ཡག།
ལྷ་ཁང་གསེར་བོ་བྱིན་རླབས་ཅན།
གཡས་སྐོར་ལ་ལན་གསུམ་བརྒྱབ།
ཆོས་འཁོར་སྐོར་མ་ནི་བསྒྲེང་།
ཆོས་དཀར་པོ་ཞིང་འདི་ཨེ་མ་ཧོ།

ལྷ་ཁང་དངུལ་ཁང་གཞེངས་འདྲ་།
ལྷ་ཚོགས་མི་ཚོགས་འདུས་འདྲ་།
ཡ་ལེ་་དངུལ་གྱི་སྒོ་མོ་ལ་་་གསེར་གྱི་འཁོར་ལོ་ཡག །
ཡ་ལེ་་དུང་གི་ཐེམ་པ་ལ་་ཟངས་གི་རི་མོ་ཡག།
ལྷ་ཁང་དཀར་བོ་བྱིན་རླབས་ཅན།
གཡས་སྐོར་ལ་ལན་གསུམ་བརྒྱབ་།
གསོལ་བ་འདེབས་སྐྱབས་འཇུག་ཞུ
ཆོས་དཀར་བོ་ཞིང་འདི་ཨེ་མ་ཧོ།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com