མི་རྒས་ན་རང་ཡུལ་ཇེ་དྲན་ཡིན།

མི་རྒས་ན་རང་ཡུལ་ཇེ་དྲན་ཡིན།ཉན་ཐེངས།

སྟག་སེང་ཐར།

སྤེལ་དུས།2018-08-16 12:41:53

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

མི་རྒས་ན་རང་ཡུལ་ཇེ་དྲན་ཡིན།
དབྱངས་ཀྱི་ང་རོས་ཚིག་དང་དབྱངས་བརྩམས།
ཤེས་རབ་གཅོད་པས་སྒྲ་བླངས།
འཕགས་པ་དོན་གྲུབ་ཀྱིས་རོལ་མོ་སྒྲིག་བཟོ་བྱས།

གླུ་ཚིག

རྒོད་ཐང་དཀར་དུང་གི་དིང་རུ་ཅན།།
གཤོག་བརྐྱངས་ས་ཨ་སྔོན་ཡིན་རུང་།།
གནས་བཅའ་སའི་བྲག་ཐེམ་འདི་མ་བརྗེད།།
ལས་སྔོན་གྱི་རི་མོ་འདིར་བྲིས་ཡོད།།
བྱ་རྒས་ན་བྱ་ཚང་དྲན་བྱེད་ཡིན།།

རྟ་འདོ་བ་དུང་གི་ཤེའུ་ཐིག་ཅན།།
རྒྱུགས་མངོན་ས་བྱང་དཀར་ཐང་ཡིན་རུང་།།
ཁྱོད་འཚར་སའི་སྤང་གཞུང་འདི་མ་བརྗེད།།
ལས་སྔོན་མའི་གོམ་ལག་འདིར་ཕབ་ཡོད།།
རྟ་རྒས་ན་སྤང་གཞུང་ཇེ་དྲན་ཡིན།།

སྟག་ཤ་ར་སེང་གེའི་དབུ་ལོ་ཅན།།
ཕྱི་རྒྱལ་ཁམས་རིག་པའི་འགྲིམ་དུས་སུ།།
ཁྱོད་སྐྱེས་སའི་ཕ་ཁྱིམ་འདི་མ་བརྗེད།།
ཁྱོད་སྐྱེས་དུས་ལྟེ་ཁྲག་འདིར་འཐིམ་ཡོད།།
མི་རྒས་ན་རང་ཡུལ་ཇེ་དུང་ཡིན།།

སྨན་བུ་མོ་བྱུ་དམར་འཛུམ་མདངས་ཅན།།
གནས་གཞན་ཁྱིམ་སྡེ་མཐའ་འགྲིམ་ན་ཡང་།།
ཆུང་བྱམས་པས་ཕ་མ་གཉིས་མ་བརྗེད།།
དྲིན་ཕ་མའི་བཀའ་དྲིན་མཛད་མཐའ་མེད།།
ལོ་འགོར་ན་ཕ་མ་ཇེ་དྲན་ཡིན།།
ལོ་འགོར་ན་ཕ་མ་ཇེ་དུང་ཡིན།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com