སེམས་ཀྱི་སྒྲ་སྙན།

སེམས་ཀྱི་སྒྲ་སྙན།ཉན་ཐེངས།

དགའ་བན་དེ་ཚེ་རིང་།

སྤེལ་དུས།2018-03-09 10:36:26

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

སེམས་ཀྱི་སྒྲ་སྙན།
 
          ཚིག   དབྱངས་ཀྱི་ང་རོ།
          དབྱངས།   དུང་གི་ཟླ་བ་མགོན་པོ་དོན་གྲུབ།
          ལེན་མཁན།   དགའ་བན་དེ་ཚེ་རིང་།
 
 སྟོད་དབུས་གཙང་ཆོས་ཀྱི་ཆོལ་ཁ་ནས།།
 དབྱངས་སྙན་མོ་ཆོས་ཀྱི་སྒྲ་ལས་བྱུང་།།
 དབྱངས་སྙན་མོར་བྱམས་དང་སྙིང་རྗེ་ལྡན།།
 ལས་བསོད་ནམས་ཅན་གྱི་མི་རིགས་ལ།།
 སྒྲ་རྒྱུད་དྲུག་རྟེན་འབྲེལ་འཛོམས་ནས་ཡོད།།
 སྒྲ་རྡུང་བའི་བུ་ལ་བཀྲ་ཤིས་ཤོག།
 
 བར་མདོ་སྟོད་མི་ཡི་ཆོལ་ཁ་ནས།།
 སྒྲ་སྙན་མོར་མེས་པོའི་བྱུང་རིམ་ཆགས།།
 དབྱངས་སྙན་མོར་རིགས་ཀྱི་རྣམ་ཤེས་འཐིམ།།
 བློ་དཔའ་སྤོབས་ཅན་གྱི་མི་རིགས་ལ།།
 སྒྲ་རྒྱུད་དྲུག་རྟེན་འབྲེལ་འཛོམས་ནས་ཡོད།།
 
 སྒྲ་རྡུང་བའི་བུ་ལ་དོན་འགྲུབ་ཤོག།
 སྨད་མདོ་སྨད་རྟ་ཡི་ཆོལ་ཁ་ནས།།
 སྒྲ་སྙན་མོ་རྟ་མཆོག་བང་དང་མཉམ།།
 དབྱངས་སྙན་མོ་རུས་པའི་གསེང་ནས་ཆད།།
 བློ་རིག་པ་མྱུར་བའི་མི་རིགས་ལ།།
 སྒྲ་རྒྱུད་དྲུག་རྟེན་འབྲེལ་འཛོམས་ནས་ཡོད།།
 སྒྲ་རྡུང་བའི་བུ་ལ་ཚེ་རིང་ཤོག།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com