ལམ་གྱི་བུ་མོ།

ལམ་གྱི་བུ་མོ།ཉན་ཐེངས།

ཆོས་སྐྱོང་སྐྱབས།

སྤེལ་དུས།2017-12-21 14:29:58

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ལམ་གྱི་བུ་མོ།

ཚིག ཚེ་རིང་བཀྲ་ཤིས།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང།

གཙང་བོའི་རབ་ཁ་བརྒལ་ནས།
ལ་མོའི་བང་རིལ་བརྟོལ་ཡང་།
ཉག་ག་ཕ་གིའི་བུ་མོས།
ཕྱི་མིག་འཕེན་བཞིན་བུད་སོང་།
སྙིང་སྡུག་འཛུམ་པའི་ཞལ་བཟང་།།
རྨི་ལམ་ནང་གི་བུ་མོ།།
ཚིག་ལ་ཨ་ལེན་མེད་པ།།
ལས་འཕྲོ་ཟད་པ་ཡིན་ནམ།
ཨ་རོགས་ལམ་གྱི་བུ་མོ། བུ་མོ་སྙིང་ལ་རྗེ་བོ།
མིང་ལ་ཅི་ཟེར་ང་ལ་གསུང་རོགས་ཞུ།

ཕྱི་མིག་དགུང་ལ་མ་འཕང་།
འོད་ཀྱི་ཚ་བས་ཞུ་དོགས།
ཕྱི་མིག་ས་ལ་མ་བཏབ།
སད་དང་སེར་བས་བཅོམ་དོགས།
ལན་གཅིག་མཇལ་བའི་བདེ་བ།
དབང་རྩའི་དྭངས་མར་འཐིམ་ཡང་།
མ་མཇལ་སེམས་ཀྱི་རྨ་ཟུག
སྤྲིན་ནས་ཚོར་རྒྱུ་མི་འདུག
ཨ་རོགས་ལམ་གྱི་བུ་མོ། བུ་མོ་སྙིང་ལ་རྗེ་བོ།
སང་ལོ་མེ་ཏོག་བཞད་དུས་གང་ན་ཡོད།

ཟླ་བའི་རྣ་ལུང་ཆ་གཅིག
སྐར་མའི་མགུལ་རྒྱན་ཕྲེང་གཅིག
ལས་ངག་ཡིད་ཀྱི་དུངས་བས།
ཁྱེད་ལ་སྐྱེས་སུ་བསྟབས་ཡོད།
ལོ་དང་ཟླ་བའི་ཉིན་སྲིབ།
རང་འཁོར་བརྒྱབ་ན་ཆོག་པ།
ཕྱི་མིག་རྔོན་པའི་ལྕགས་ཀྱུ།
ཆོད་པའི་ཐབས་ཤིག་ཡོད་དམ།
ཨ་རོགས་ལམ་གྱི་བུ་མོ། བུ་མོ་སྙིང་ལ་རྗེ་བོ།
བུ་མོ་ག་དུས་གནས་ལ་འགྲོ་ཆས་ཡོད།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com