འཛོམས་པོ་གཞས་ལ་བཀུགས་ཡོད།

འཛོམས་པོ་གཞས་ལ་བཀུགས་ཡོད།ཉན་ཐེངས།

ཨ་མཆོག་ཚེ་བརྟན།

སྤེལ་དུས།2017-11-27 15:59:44

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

འཛོམས་པོ་གཞས་ལ་བཀུགས་ཡོད།

གཞས་ཚིག གཡག་གྲུ་གཟིངས།
གཞས་གདངས བསང་གསེར་མིག
རྡུང་ལེན་པ ཨ་མཆོག་ཚེ་བརྟན།

བཀྲ་ཤིས་རྟགས་བརྒྱད་རི་མོ།།
སྒང་བ་བོད་ལ་འཛོམས་ཡོད།།
རྟགས་བརྒྱད་རི་མོ་འཛོམས་པའི།།
འཛོམས་པོ་གཞས་ལ་བཀུགས་ཡོད།།
མཐུན་པ་སྤུན་བཞིའི་ཕྱ་གཡང་།།
ཁ་བ་ཅན་ལ་འཛོམས་ཡོད།།
ཞི་བདེའི་གཡང་ལ་འཛོམས་པའི།།
འཛོམས་པོ་གཞས་ལ་བཀུགས་ཡོད།།
ཚེ་རིང་རྣམ་དྲུག་རི་མོའི།།
ཚེ་གཡང་བོད་ལ་འཁོར་ཡོད།།
ཚེ་ཡི་དར་ཐག་རིང་བའི།།
འཛོམས་པོ་གཞས་ལ་བཀུགས་ཡོད།།
ཚེ་བསོད་རླུང་རྟའི་ཞལ་གཡང་།།
ཁ་བ་ཅན་ལ་འཛོམས་ཡོད།།
རླུང་རྟའི་སྙན་པ་འཕུར་བའི།།
འཛོམས་པོ་གཞས་ལ་བཀུགས་ཡོད།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com