སྦྲ་ནག་ཁྲི་སྡེ།

སྦྲ་ནག་ཁྲི་སྡེ།ཉན་ཐེངས།

ཚེ་རིང་དོན་འགྲུབ།

སྤེལ་དུས།2017-08-07 15:52:23

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

སྦྲ་ནག་ཁྲི་སྡེ།
ཚིག གངས་དཔལ།
དབྱངས། ཚེ་རིང་དོན་འགྲུབ།
ལེན་མཁན། ཚེ་རིང་དོན་འགྲུབ།

ངའི་ཕ་ཡུལ་སྦྲ་ནག་ཁྲི་སྡེ་ན།།
ཕ་ཨ་ཁུ་ཁ་ཞག་གྱི་ལེར་ཡོད།།
མ་སྲི་མོ་གཡང་གི་ཁ་འཛིན་མ།།
སྦྲ་སྨུག་པོའི་ནང་གི་སྣུམ་ཤ་ཡིན།།
སྐུ་བསོད་ཆེ་བའི་ཕ་མེས་ཚོའི་ལུས་ལ་ནད་མེད་ཚེ་རིང་ཤོག་ཡ།
ཟས་ཁ་སྣུམ་པའི་མ་སྲི་ཚོའི་བཞོ་ཟེའུ་འོ་མས་གང་བར་ཤོག་ཡ།
ངའི་ཕ་ཡུལ་སྦྲ་ནག་ཁྲི་སྡེ་ན།།
ནང་ན་ཟླ་རྩི་ཏོག་འཁྲུངས་འདྲ་ཡིན།།
ཆུང་རྩེད་རོགས་ཁ་ཞེ་གཉིས་མེད་ཅན།།
ཆུ་དྭངས་མོའི་འགྲམ་གྱི་གཏམ་རྒྱུད་ཡིན།།
གཞུང་རྒྱུད་དྲང་པའི་ན་ཟླ་ཚོས་མཉམ་དུ་བརྩེ་བའི་ལག་གདང་སྦྲེལ་ཡ།
ངང་རྒྱུད་འཇམ་པའི་རྩེད་རོགས་ཚོས་མཉམ་དུ་ཕྱིར་དྲན་རི་མོ་འབྲི་ཡ།
སྨུག་ལང་ལོང་ནང་གི་རི་གླུ་དེ།།
ལུག་དཀར་ཆུང་འཚོ་ཡི་འཚོ་རོགས་ཡིན།།
སྨན་བུ་མོ་བྱུ་རུའི་རྣ་ཆ་ཅན།།
ཚེ་བསྐལ་བ་སྟོང་གི་འཁོར་བ་ཡིན།།
གཡང་དཀར་འཚོ་བའི་ན་ཆུང་མའི་རྗེས་ལ་མེ་ཏོག་བཏུ་རུ་འགྲོ་ཡ།
ལང་ཚོ་སྨིན་པའི་བཞིན་བཟང་མའི་སྙན་ལ་ཚིག་དྲུག་རི་གླུ་ལེན་ཡ།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com