སྐྱིད་པའི་གཞས་ཆུང་།

སྐྱིད་པའི་གཞས་ཆུང་།ཉན་ཐེངས།

བློ་གསལ།

སྤེལ་དུས།2017-08-04 11:03:31

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

སྐྱིད་པའི་གཞས་ཆུང་།
གཞས་ཚིག ཁ་སྒང་སྤྱན་འབངས།
གཞས་གདངས། བློ་གསལ།
གཞས་མཁན། བློ་གསལ། ཀུན་དགའ་དཔལ་བཟང་།

དྲིན་ཕ་མའི་དྲུང་ན་སྐྱིད་ཅིག་ཡོད།།
སྐྱིད་དྲོན་མོ་འཛམ་གླིང་ཉི་མ་ཡིན།།
ནང་ཕུ་ནུའི་སེམས་ན་འདང་ཞིག་ཡོད།།
འདང་ཟབ་མོ་ཁྲི་ཤོར་རྒྱལ་མོ་ཡིན།།
ཡིད་སྐྱིད་པའི་གཞས་ཆུང་དབྱངས་སུ་འགུག།

ཁྱིམ་བཟའ་ཚང་བར་ན་བློ་ཞིག་ཡོད།།
བློ་འགྱུར་མེད་གཡུང་དྲུང་རི་མོ་ཡིན།།
ཆུང་བྱིས་པའི་གདོང་ན་འཛུམ་ཞིག་ཡོད།།
འཛུམ་ཡག་པོ་ཕ་མའི་ཁ་ཏ་ཡིན།།
ཡིད་སྐྱིད་པའི་གཞས་ཆུང་དབྱངས་སུ་འགུག།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com