གཟིམ་མེད་ཀྱི་འོད་སྣང་།

གཟིམ་མེད་ཀྱི་འོད་སྣང་།ཉན་ཐེངས།

ཡོན་ཏན་མགོན་པོ།

སྤེལ་དུས།2017-07-31 15:40:54

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

གཞས་ཚིག ཁ་སྒང་སྤྱན་འབངས།
གཞས་གདངས། ཡོན་ཏན་མགོན་པོ།
གཞས་མཁན། ཡོན་ཏན་མགོན་པོ།

ཐུགས་བརྩེ་བའི་ཁྱེད་ཀྱི་འཛུམ་ཞལ་དྲོན་མོ།
སྙིང་བརྩེ་བའི་ཁྱེད་ཀྱི་གསུང་སྐད་སྙན་མོ།
མཐོ་བ་གངས་རི་ལ།
དམའ་བ་མཚོ་མོ་ལ།
ཉི་ཟླའི་འོད་ལ་འཁྱུད་ནས།
འཛུམ་གྱིས་འཁྱིལ་ཡོད།
ཁྱེད་ནི་འཛམ་གླིང་དབུ་ཁྲིད་ཡིན།
ཁྱེད་ནི་ང་ཚོའི་བླ་སྲོག་ཡིན།
ཨོ།~
ལོ་ཟླ་བ་ཅི་འདྲ་འགྱུར་ན་ཡང་།
ཁྱེད་ནི་གཞོམ་པ་མེད་པའི་བྲག་རི་ཞིག

མི་སྐྱེ་འགྲོ་རང་བྱུང་འཛུམ་གྱིས་སྐྱོང་བཞིན།
ཡུལ་གྲུབ་མཐའ་བར་ལ་བརྩེ་བ་སྐྲུན་བཞིན།
ཆེ་བ་མིའི་རིགས་ལ།
ཆུང་བ་འབུ་སྲིན་ལ།
རང་དབང་འཚོ་བའི་གཞིས་ཁྱིམ།
ཁྱེད་ཀྱིས་བཙུགས་ཡོད།
ཁྱེད་ནི་བདེ་སྐྱིད་གཞི་མ་ཡིན།
ཁྱེད་ནི་བདེན་པའི་འོད་སྣང་ཡིན།
ཨོ།~
ལོ་ཟླ་བ་ཅི་འདྲ་འགྱུར་ན་ཡང་།
ཁྱེད་ནི་གཟིམ་པ་མེད་པའི་འོད་སྣང་ཞིག

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com