སེམས་ཀྱི་མི།

སེམས་ཀྱི་མི།ཉན་ཐེངས།

བསོད་ནམས་སྟོབས་རྒྱལ།

སྤེལ་དུས།2017-07-19 10:24:46

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

སེམས་ཀྱི་མི།

གླུ་ཚིག རི་ཕྱོར་འབྲུག་འབུམ།
དབྱངས བསོད་ནམས་སྟོབས་རྒྱལ།
གཞས་པ བསོད་ནམས་སྟོབས་རྒྱལ།

སེམས་ཀྱི་མི།
མི་སེམས་ཡོད་པའི་ཁྱོད་རང་།།
སེམས་པའི་གཏིང་ལ་སིམ་ཡོད།།
བླ་དང་སྲོག་གི་འདང་ཡོད།།
སེམས་ཀྱི་མི་དེ་སླར་ཡང་དྲན།།
དྲན་པའི་མེ་ལྕེ་རེ་རེ།།
ཉིན་དང་མཚན་ལ་འབར་སོང་།།

སེམས་ཀྱི་མི།
མི་གཤིས་ཡོད་པའི་ཁྱོད་རང་།།
སེམས་པའི་ཟབ་སར་བཞུགས་ཡོད།།
ཤ་དང་མཆིན་པའི་འདང་ཡོད།།
སེམས་ཀྱི་མི་དེ་སླར་ཡང་དྲན།།
དྲན་པའི་མིག་ཆུ་རེ་རེ།།
ལོ་དང་ཟླ་བ་བཞུར་སོང་།།

སེམས་ཀྱི་མི།
བརྩེ་སེམས་ཡོད་པའི་ཁྱོད་རང་།།
སེམས་པའི་གསེང་ལ་ཉར་ཡོད།།
གློ་དང་སྙིང་གི་འདང་ཡོད།།
སེམས་ཀྱི་མི་དེ་སླར་ཡང་དྲན།།
དྲན་པའི་ན་ཟུག་རེ་རེ།།
རུས་པའི་གསེང་དུ་ལྷག་སོང་།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com