བྱམས་པའི་དུས་དྲན།

བྱམས་པའི་དུས་དྲན།ཉན་ཐེངས།

རྨ་གླིང་ལྷུན་འགྲུབ།

སྤེལ་དུས།2017-07-19 10:15:50

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

བྱམས་པའི་དུས་དྲན།
གླུ་ཚིག རི་ཕྱོར་འབྲུག་འབུམ།།
དབྱངས། རྨ་གླིང་ལྷུན་འགྲུབ།།
གླུ་བ། རྨ་གླིང་ལྷུན་འགྲུབ།

རང་བྱུང་གི་སྤང་ལྗོངས་ཐང་ནས།།
མེ་ཏོག་གི་ཕྲ་རྒྱན་མཛེས་བྱུང་།།
མེ་ཏོག་གི་འཇམ་ཤ་རེ་རེའི།།
བྱམས་པ་ཡི་འཛུམ་མདངས་བསུས་ཡོང་།།

ཡ་ལ་ནས་སོ་་་་་་་་་
མེ་ཏོག་གི་འཇམ་ཤ་རེ་རེའི།།
བྱམས་པ་ཡི་འཛུམ་མདངས་བསུས་ཡོང་།།

ལོ་ཟླ་ཡི་བརྒྱུད་རིམ་ཁྲོད་ན།།
དབྱར་གཞུང་ལས་སྐྱིད་ཅིག་མེད་བྱུང་།།
དབྱར་ཀ་ཡི་གཏམ་རྒྱུད་རེ་རེའི།།
བྱམས་པ་ཡི་ལང་ཚོ་བསྣུམས་ཡོང་།།

ཡ་ལ་ནས་སོ་་་་་་་
དབྱར་ཀ་ཡི་གཏམ་རྒྱུད་རེ་རེའི།།
བྱམས་པ་ཡི་ལང་ཚོ་བསྣུམས་ཡོང་།།

རྒྱང་བཞུད་ཀྱི་ཕྱིར་མིག་བར་ནས།།
བརྗེད་མེད་ཀྱི་ལས་དབང་ཟབ་སོང་།།
ལས་དབང་གི་བཀོད་སྒྲིག་རེ་རེའི།།
བྱམས་པ་ཡི་དུས་དྲན་ཚོར་ཡོང་།།

ཡ་ལ་ནས་སོ་་་་་་་་
ལས་དབང་གི་བཀོད་སྒྲིག་རེ་རེའི།།
བྱམས་པ་ཡི་དུས་དྲན་ཚོར་ཡོང་།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com