བཀྲ་ཤིས་ཆར་བ།

བཀྲ་ཤིས་ཆར་བ།ཉན་ཐེངས།

རྡོ་བ་ཆོས་གྲགས།

སྤེལ་དུས།2017-06-12 15:49:49

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

བཀྲ་ཤིས་ཆར་བ།
གླུ་ཚིག པདྨ།
དབྱངས་སུས་བརྩམས་པ་མི་གསལ།
ལེན་མཁན། ཆོས་གྲགས།

བཀྲ་ཤིས་ཤོག། བཀྲ་ཤིས་ཤོག།
དག་གཙང་གངས་ཀྱི་རི་ལ་འོད་དཀར་འཚེར།།
བཀྲ་ཤིས་ཤོག། བཀྲ་ཤིས་ཤོག།
ལྷུང་ལྷུང་གཙང་ཆབ་རིང་མོ་རྟག་ཏུ་འབབ།།
ཆུ་འཛིན་ལང་ལོང་རབ་དཀར་ཁ་བཏགས་མཚུངས།།
གངས་ལྗོངས་ཡུལ་ལ་བཀྲ་ཤིས་དགེ་མཚན་རྒྱས།།
བཀྲ་ཤིས་ཤོག། བཀྲ་ཤིས་ཤོག།
མཐོ་སྒང་སྨད་ཀྱི་ལྗོངས་ལ་དཔྱིད་དཔལ་བཞད།།
བཀྲ་ཤིས་ཤོག། བཀྲ་ཤིས་ཤོག།
ཡར་འབྲོག་གཡུ་མཚོའི་ཁ་ནས་གསེར་རྩེད།།
ཧི་མ་ལ་ཡ་རི་ལ་གངས་སེང་འགྱིངས།།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིག།།
༣.བཀྲ་ཤིས་ཤོག། བཀྲ་ཤིས་ཤོག།
ཤར་ཕྱོགས་དགུང་སྔོན་མཐའ་ནས་གཡུ་འབྲུག་གྲགས།།
བཀྲ་ཤིས་ཤོག། བཀྲ་ཤིས་ཤོག།
སཱ་ལའི་ལྗོངས་ལ་བཀྲ་ཤིས་ཆར་བ་འབེབས།།
འཛམ་གླིང་ཉི་ཟླ་སྐར་གསུམ་མགྲོན་ལ་ཕེབས།།
གངས་ལྗོངས་ཡུལ་ལ་བདེ་སྐྱིད་འོད་དཔལ་འབར།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com