འབྲུག་མོའི་དགུ་སེང་དྲུག་འགྱུར།

འབྲུག་མོའི་དགུ་སེང་དྲུག་འགྱུར།ཉན་ཐེངས།

ནག་བཟའ་ཚེ་རིང་སྒྲོལ་མ།

སྤེལ་དུས།2017-03-17 09:49:24

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

འབྲུག་མོའི་དགུ་སེང་དྲུག་འགྱུར།
ཚིག  གུ་རུ་རྒྱལ་མཚན།
དབྱངས། དམངས་ཁྲོད།
ལེན་མཁན། ནག་བཟའ་ཚེ་རིང་སྒྲོལ་མ།
གླུ་ཨ་ལ་ལ་མོ་ཨ་ལ་རེད།།གླུ་ཐ་ལ་ལ་མོ་ཐ་ལ་རེད།།
རྗེ་བཙུན་འཕགས་མ་སྒྲོལ་མ་དང་།།ཚེ་འཛིན་ལྷ་ཡི་ཚོགས་ལ་འདུད།།
ས་འདི་ཇ་མཁར་རིང་མོ་རེད།།ང་འདྲ་སེང་ལྕམ་འབྲུག་མོ་ཡིན།།
རྟེན་འབྲེལ་ཕུན་ཚོགས་ཉི་མ་ལ།།གླུ་ལེན་དགུ་སེང་དྲུག་འགྱུར་ལེན།།
 
བཀྲ་ཤིས་གསེར་དངུལ་བུམ་པ་དང་།།བཞེས་དཀར་ཁྱུང་གཤོག་ལྡེམ་པ་རུ།།
ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད།།མྱོང་གྲོལ་རྫས་ཀྱི་ཡོངས་སུ་འགེངས།།
རྟེན་འབྱུང་འབྲས་བུ་མི་བསླུ་པས།།དེ་རིང་ལྷ་གླིང་དཔུང་ཚོགས་ལ།།
ཕེབ་བསུ་དགའ་བའི་མཆོད་ཅིག་ཕུལ།།བཞེས་དང་རོལ་དང་གླིང་དཀར་དཔུང་།།
 
ཁྱད་པར་རྟེན་འབྲེལ་རྨད་དུ་བྱུང་།།དབུ་ནག་བདེ་ལ་བཀོད་པ་དང་།།
རྒྱལ་ཁམས་བདེ་བར་གནས་པ་སོགས།།བསྟན་པ་དར་ཞིང་བསྟན་འཛིན་གྱི།།
སྐུ་ཚེ་རིང་བའི་སྨོན་ལམ་འདེབས།།དགེ་མཚན་ཉི་མ་རྟག་ཤར་ཤོག།
གོ་ན་རྣ་བའི་བདུད་རྩི་ལ།།མ་གོ་གླུ་ལ་འགྲེལ་བ་མེད།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com