ཡང་ཡང་འཛོམ་རྒྱུ་དཀའ་མོ་རེད།

ཡང་ཡང་འཛོམ་རྒྱུ་དཀའ་མོ་རེད།ཉན་ཐེངས།

རྟ་མགྲིན་ཚེ་རིང་།

སྤེལ་དུས།2017-01-26 12:26:50

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

༼ཡང་ཡང་འཛོམ་རྒྱུ་དཀའ་མོ་རེད།༽
གཞས་ཚིག/ཁ་སྒང་སྤྱན་འབངས།
གཞས་གདངས།/ཡོན་ཏན་མགོན་པོ།
གཞས་མཁན།/ རྟ་མགྲིན་ཚེ་རིང་།
སྐྱིད་པའི་ཕ་ཁྱིམ་དྲོད་མོར་ཕྱྭ་གཡང་འཁོར།།
དྲིན་ཅན་ཕ་མར་ཚེ་བསོད་མངའ་ཐང་རྒྱས།།
ནང་མི་སྤུན་མཆེད་ལས་དང་རླུང་རྟ་དར།།
རེ་བའི་བུ་ལ་རིག་པའི་གཤོག་རྩལ་རྒྱས།།

ཞིམ་པོ་ཟས་མཆོག་ཡོད་ན་དེ་རིང་མཆོད།
མངར་མོ་ཇ་ཆང་ཡོད་ན་དེ་རིང་མཆོད།
ཡང་ཡང་ལྷན་འཛོམས་བྱུང་རྒྱུ་དཀའ་མོ་རེད།

ཉི་མ་བཟང་པོ་འདི་ལ་འཛོམས་པ་བྱུང་།།
སེམས་ན་སྙིང་གཏམ་ཅི་ཡོད་དེ་རིང་བཤད།།
རང་རང་མི་ཚེའི་འཚོ་རྟེན་འདུན་མ་ཡིས།།
ཡང་ཡང་ལྷན་འཛོམས་བྱུང་རྒྱུ་དཀའ་མོ་རེད།།

ཀུ་རེ་ཁ་མཚར་ཡོད་ན་དེ་རིང་བཤད།
སྙན་མོ་གཞས་ཆུང་ཡོད་ན་དེ་རིང་ལེན།
ཡང་ཡང་ལྷན་འཛོམས་བྱུང་རྒྱུ་དཀའ་མོ་རེད།

གར་འགྲོ་ས་ལ་བྱ་བ་ལམ་འགྲོ་ཤོག།
གར་འདུག་ས་ལ་ཚེ་རིང་ལོ་བརྒྱ་ཤོག།
ཕ་མ་སྤུན་ཟླའི་བར་གྱི་བརྩེ་བ་འདི།།
དམར་པོ་སྲོག་བཞིན་ང་ཚོས་གཅེས་གཅེས་བྱེད།།

ཕ་མར་བསླབ་བྱ་ཡོད་ན་དེ་རིང་གསུངས།
ཕུ་ནུར་སེམས་གཏམ་ཡོད་དེ་རིང་བརྗོད།
ཡང་ཡང་ལྷན་འཛོམས་བྱུང་རྒྱུ་དཀའ་མོ་རེད།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com