མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

དབྱངས་ཀྱི་ཟིལ་བ་མི་ཡུལ་དུ་གཏོར་ལ་ཉེ།

2018-01-09 20:10:12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

  རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར།ཉེ་བའི་ལོ་འདི་གར་གླུ་གཞས་འཛད་སྤྱོད་པ་ཀུན་གྱིས་དགའ་བསུ་བླ་ལྷག་གནང་བཞིན་པའི་བོད་ཀྱི་གླུ་བ་མགར་བསམ་འགྲུབ་ཚེ་རིང་ལགས་ཀྱི་ཆེད་བསྒྲིགས་གསར་པ༼དབྱངས་ཟིལ༽ཞེས་པ་དེ་ཐོག་མར་སྤྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་བོད་རང་གི་གླུ་གཞས་མཉེན་ཆས་སྤྱི་སྟེགས་ཆེན་མོ་དུང་དུང་རོལ་དབྱངས་སྟེང་ནས་དངོས་སུ་འགྲེམ་འཚོང་བྱེད་རྒྱུ་ཡིན་ལ།ཉེ་སྔོན་བོད་ནང་ནས་དྲ་ལམ་བརྒྱུད་དེ་ཆེད་སྒྲིག་འགྲེམ་འཚོང་བྱེད་པའང་ཐོག་དང་པོ་ཡིན།

001.jpg

  ཁོའི་ཐེངས་འདིའི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་འདི་ཉིད་འོད་སྡེར་གྱི་ལམ་ནས་གནས་སྐབས་སུ་ཚོང་རར་འགྲེམ་སྤེལ་བྱེད་རྒྱུ་མིན་ལ་ཐོག་མར་དྲ་ལམ་བརྒྱུད་ནས་འགྲེམ་འཚོང་བྱས་མཐར་ད་གཟོད་འོད་སྡེར་གྱི་ལམ་ནས་ཚོང་རར་དགྲམ་འཆར་ཡིན། དྲ་ཐོག་གི་ཚོང་རར་རྒྱུགས་ཆེ་བའི་དུས་འདིར་རྒྱ་ཆེའི་འཛད་སྤྱོད་པར་སྟབས་བདེ་བསྐྲུན་ཆེད་དང་འོད་སྡེར་རྫུན་བཟོ་བྱེད་མཁན་དག་གི་ཚོང་ལམ་འགོག་ཆེད། མདོར་ན་ཉོ་མཁན་འཚོང་མཁན་ཚང་མར་སྟབས་བདེ་བསྐྲུན་ཆེད་ཆེད་སྒྲིག་གསར་བ་འདི་དུང་དུང་རོལ་དབྱངས་ཀྱི་མཉེན་ཆས་བརྒྱུད་ནས་འགྲེམ་འཚོང་བྱེད་རྒྱུ་ཡིན། ལྷན་རྒྱས་ནས་བོད་རང་གི་གླུ་གཞས་མཉེན་ཆས་ལ་རྒྱབ་སྐྱོར་དང་བོད་རང་གི་ཕ་སྐད་མ་ཡིག་གི་གླུ་གཞས་ལ་སྐུལ་འདེབས་བྱེད་ཆེད། སྤྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་དུང་དུང་རོལ་དབྱངས་བརྒྱུད་དེ་མགར་བསམ་འགྲུབ་ཚེ་རིང་གི་གླུ་གཞས་ཆེད་སྒྲིག་གསར་བ༼དབྱངས་ཟིལ༽ལ་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་རོགས་པ་གནང་རྒྱུར་སེམས་གཏིང་ནས་རེའོ།