མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

ནག་བཟའ་ཚེ་རིང་སྒྲོལ་མའི་གཞས་སྡེར《ཟླ་བའི་གསང་བ》ལེགས་འགྲུབ་བྱུང་།

2015-04-01 10:31:37 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

QQ图片20150331165555.jpg

        QQ图片20150401090808.jpg

        ནག་བཟའ་ཚེ་རིང་སྒྲོལ་མའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ《ཟླ་བའི་གསང་བ》ཞེས་པ་ཁོ་མས་ལོ་ངོ་གཉིས་རིང་དུ་འབད་བརྩོན་ལྷོད་མེད་བྱས་མཐར་ད་ལྟ་ཡོངས་སུ་ལེགས་འགྲུབ་བྱུང་ནས་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བཀྲམས།

      QQ图片20150331171843.jpg

        ནག་བཟའ་ཚེ་རིང་སྒྲོལ་མ་ནི་ཆུང་ངུའི་དུས་ནས་བཟུང་རྣམ་དཔྱོད་བཀྲ་ཞིང་སློབ་གཉེར་ལ་བརྩོན་པར་དགའ་བ་ཞིག་ཡིན་པ་མ་ཟད་གླུ་ལེན་རྒྱུ་དང་བྲོ་འཁྲབ་རྒྱུ་ལ་དགའ་མོས་ཧ་ཅང་ཆེ་ལ་དེ་ནི་ཁོ་མོའི་འཚོ་བའི་ཁྲོད་དང་བྱ་བའི་ཞོར་གྱི་ཆེས་མེད་དུ་མི་རུང་བའི་དགའ་ཕྱོགས་གཙོ་བོ་ཞིག་དང་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུའང་གྱུར་ཡོད། ཐེངས་འདིའི་གཞས་སྡེར《ཟླ་བའི་གསང་བ》ནི་ཁོ་མོས་ཕ་སྐད་གཙང་མའི་ལམ་ནས་བླངས་པའི་གླུ་གཞས་ཆེད་བསྒྲིགས་ཐོག་མ་ཡིན་པས། ཆེད་བསྒྲིགས་སུ་བདམས་པའི་གཞས་ཡོད་ཚད་ཀྱི་ཚིག་དང་གདངས་ཀྱི་བསལ་འདེམས་ལ་སེམས་ཤུགས་གང་མང་བཏོན་ཡོད་དེ། བོད་ཀྱི་སྙན་ངག་པ་གྲགས་ཅན་གཞས་ཚིག་རྩོམ་མཁན་འཇུ་སྐལ་བཟང་དང་ལྡོང་ནོར་སྡེ། འབྲུག་ལྷ་རྒྱལ་སོགས་དང་། དབྱངས་རྩོམ་མཁན་ཆོས་རྒྱ་མཚོ་དང་བཀྲ་ཤིས་རྡོ་རྗེ། གླིང་རྒྱལ་འཆི་མེད་ཚེ་རིང་སོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་སྙིང་ནས་ཞུ་བ་དང་ཆབ་ཅིག་ཏུ་ན་གཞོན་གླུ་མ་ཁོ་མོས་དྭངས་གཙང་གི་སེམས་པ་མཚོན་བྱེད་ཀྱི་ལེགས་སྐྱེས་སུ་ཕུལ་བའི་གླུ་གཞས་ཆེད་བསྒྲིགས་འདི་རིགས་མཐུན་སྤུན་ཟླ་ཡོངས་ཀྱི་སྙན་དབང་གསོ་བའི་བདུད་རྩི་དང་ཁྲ་ཆུང་མིག་གི་དགའ་སྟོན་དུ་འགྱུར་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།།

ཚོང་འབྲེལ་ཁ་པར།      18909756678   18809759057