མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

གཞས་མ་ལྷ་དཀར་སྒྲོལ་མའི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་ཚོང་རར་བཀྲམ་པ།

2014-06-30 09:58:58 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

01.jpg

02.jpg

           བོད་ཀྱི་ན་གཞོན་གླུ་མ་ལྷ་དཀར་སྒྲོལ་མའི་ཆེས་ཐོག་མའི་ཆེད་སྒྲིག་བརྙན་འཁོར《སྐར་མ་སྨིན་དྲུག》ཅེས་པ་འདི་ནི་བོད་ཀྱི་མིང་དུ་གྲགས་པའི་གཞས་པ་ཤེར་བསྟན་གྱིས་ཇུས་འགོད་དང་། མིང་དུ་གྲགས་པའི་རོལ་མོ་བ་ཏན་ཏན། རི་ལུང་ཐར། ཞའོ་ལའེ་སོགས་ཀྱིས་གསར་རྩོམ་གྱི་འཚོར་འདུ་གསར་བ་སྩལ་ཞིང་། རོལ་མོ་བ་ཕུན་ཚོགས་སོགས་ཀྱི་རོགས་སྐྱོར་གང་མང་བརྒྱུད་དེ་ལེགས་འགྲུབ་བྱུང་བ་ཡིན། ཆེད་སྒྲིག་འདིའི་ནང་དུ་བདམས་པའི་རོལ་མོའི་རྒྱུ་ཆ་མང་ཆེ་ཤོས་དེང་རབས་བོད་ཀྱི་རོལ་མོའི་གར་སྟེགས་སུ་རྩེར་སོན་པའི་རོལ་མོའི་ཚོགས་པ་སྟེ།ཉི་མའི་རོལ་ཚོགས་དང་མ་སྐྱེས་ཨ་མའི་རོལ་ཚོགས་ཀྱིས་ཆེད་དུ་སྒྲ་བླངས་པ་རེད། གཞས་པ་ལྷ་དཀར་སྒྲོལ་མའི་གདངས་སྙན་པའི་གླུ་སྐད་དེ་རྒྱ་ཆེ་བའི་ཉན་མཁན་ཚོའི་རྣ་བའི་བཅུད་དང་མིག་གི་བདུད་རྩི་རུ་འགྱུར་བའི་སྨོན་འདུན་ཞུ།