首页 > རོལ་མོ། > འཕྲིན་གསར།འཕྲིན་གསར།

《གཡང་མདའ》ཞེས་པའི་གློག་བརྙན་ཕབ་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་ལ་ཉེ་བ།

2013-11-06 16:57:44 ཡོང་ཁུངས། ཀློག་གྲངས།

        རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་དངོས་སུ་ལས་འཛུགས་དང་གཅན་ཚ་རྗོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ཞིང་། པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་འཕྲིན་རིག་གནས་བརྒྱུད་སྤྲོད་ཚད་ཡོད་ཀུང་ཟིས་འགན་བཟོ་གནང་བའི《གཡང་མདའ》ཞེས་པའི་གློག་བརྙན་དེ་ཟླ་སྔོན་མར་ཕབ་མགོ་བརྩམས།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བརྙན་ཕབ་ཚན་ཆུང་གི་མི100ལྷག་ཁྲིད་དེ་ཀྲུང་གོའི་མི་རིགས་མདའ་རྩེད་ཀྱི་ཕ་སའམ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པར་འབྲེལ་བའི་གཅན་ཚ་རྫོང་ལོ་རྡོ་རྗེ་བྲག་དང་ཡུལ་གྲུ་སོ་སོར་དུས་ཡུན་ཉིན20ལྷག་ལ་ཕབ་བསྐྲུན་བྱས་པར་བརྒྱུད། ད་ནི་མཇུག་བསྡུའི་དུས་སྐབས་སུ་གནས།

111.jpg

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་སྟོན་པར་འཁྲབ་ཚུལ་བརྗོད་བཞིན་པ།

       རྒྱུས་ལོན་པ་ལྟར་ན། 《གཡང་མདའ》ཞེས་པའི་གློག་བརྙན་འཁྲབ་གཞུང་འདི་ལོ་གཉིས་ལ་བསྒྲིགས་པ་དང་། ཐེངས་དུ་མར་བསུབ་སྣོན་བྱས་ཏེ་འཁྲབ་ཁྲིད་པ་རང་ཉིད་ཀྱིས་གསར་རྩོམ་ལེགས་འགྲུབ་བྱས། འདི་ནི་ཁོང་གི་བོད་སྐད་གློག་བརྙན་བཞི་བའང་ཡིན། སྔར་གྱི་གློག་བརྙན་བརྩམས་ཆོས་ལ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་། 《དྲི་མེད་ཀུན་ལྡན་འཚོལ་བ》། 《ཁྱི་རྒན》བཅས་ཡོད།

222.jpg

འཁྲབ་སྟོན་པ་སྟོབས་རྒྱལ་དང་བློ་བཟང་ཆོས་འཕེལ།

       གློག་བརྙན་འདི་ནི་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་དང་ཁམས་རའི་མཛེས་ལྗོངས་ཁུལ། མཚོ་དྲུག་ཡུལ་ཚོ་སོགས་ཞིང་སྡེའི་ས་ཁུལ་དུ་ཕབ་བསྐྲུན་བྱས་པ་དང་། སྟོན་མཇུག་གི་སྐབས་དང་བསྡོངས་པས་མཛེས་ལྗོངས་ལྷག་ཏུ་ལྟ་ན་སྡུག  གཞན་ཡང་ཕབ་སྐྲུན་ཚན་ཆུང་གི་ཚོགས་མི་རྣམས་ཀྱིས་ནང་དགོང་དང་སྐབས་འགར་ཁ་བ་འབབ་པའི་ཁོར་ཡུག་ཏུ་ཕབ་སྐྲུན་བྱེད་དགོས་པ་དང་། མང་ཚོགས་འཁྲབ་སྟོན་པ་མང་བའི་ཁར་ཡུལ་དངོས་བཀོད་སྒྲིག་དང་ཕབ་སྐྲུན་གྱི་ཐད་དཀའ་ཁག་ཆེན་པོ་འདུག་ཅིང་། ཕབ་ཚན་རེ་རེར་ཡང་མི་རྣམས་ཀྱིས་དཀའ་ངལ་གང་མང་མྱོང་དགོས་ཀྱི་ཡོད།

      སྤྱི་ཁྱབ་སྒྲིག་བཟོ་བ་སངས་རྒྱས་རྒྱ་མཚོས་བཤད་རྒྱུར། གློག་བརྙན་འདི་དངོས་སུ་ཕབ་སྐྲུན་བྱེད་པའི་གོ་རིམ་ཁྲོད། མཇུག་མཐའི་སྒྲིག་བཟོ་ཐད་ཁྱད་པར་ཅན་གྱི་ལག་རྩལ་རེ་འགའ་བཀོལ་རྒྱུའི་འཆར་གཞི་བཟོས་ཡོད་པས། ཚང་མས་རེ་སྒུག་བྱེད་འོས་སོ།   །