མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

གླུ་བ་བསམ་ཁོའི་ཕ་སྐད་ཀྱིས་བླངས་པའི་ཆེད་སྒྲིག་བརྙན་འཁོར་ཐོག་མ«བརྩེ་བའི་འགྱུར་ཁུགས»ཞེས་པ་འགྲེམ་སྤེལ་བྱ

2013-10-08 11:23:41 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། ཀློག་གྲངས།

三木科.jpg

       དཔྱིད་མགོ་མ་ཞིག་གི་ཉི་འོད་དང་བསིལ་རླུང་འཇམ་པོའི་བདེ་དྲོད་དང་བསྟུན་ནས། གླུ་བ་བསམ་ཁོའི་ཆེས་ཐོག་མའི་བོད་སྐད་ཀྱི་ལམ་ནས་བླངས་པའི་ཆེད་སྒྲིག་ཐོག་མ«བརྩེ་བའི་འགྱུར་ཁུགས»ཞེས་པ་འགྲེམ་སྤེལ་བྱས་ནས་ཏག་ཏག་ཟླ་གསུམ་ལྷག་འདས་པ་དང།  ཆེད་སྒྲིག་བརྙན་འཁོར་དེ་ལ་ཆེད་ལས་མི་སྣ་དག་གི་གདེང་འཇོག་ཚད་མཐོ་ཐོབ་པར་མ་ཟད། ཚོང་རའི་བྲིན་ཚད་ཀྱང་ལྡབ་འགྱུར་གྱིས་འཕར།

      མིག་སྔར། གླུ་བ་བསམ་ཁོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “བོད་ཀྱི་གླུ་བ་ཞིག་ཡིན་པའི་ངོས་ཐད་ནས། རང་གི་ཕ་སྐད་གྱི་ལམ་ནས་ཆེད་སྒྲིག་བརྙན་འཁོར་ཞིག་འགྲེམ་སྤེལ་བྱ་རྒྱུ་ནི་ཅིས་ཀྱང་བསྒྲུབ་འོས་པའི་གཟུར་མེད་ཀྱི་ལས་དོན་ཞིག་ཡིན་ལ། ད་ལྟའི་བར་རེ་སྒུག་བྱས་པའི་བསམ་དོན་ཞིག་ཀྱང་ཡིན་ཟེར།  ན་ནིང་ནས་བཟུང་། ང་དང་གསར་རྩོམ་རུ་ཁག་གིས་ལོ་ཕྱེད་ཙམ་གྱི་དུས་ཚོད་སྤྱད་ནས་ཆེད་སྒྲིག་འདི་ལེགས་གྲུབ་བྱས་པ་དང་། གཞས་རེ་རེའི་སྒྲིག་སྦྱོར་དང་བརྙན་ཕབ་བཅས་ཀྱི་ཕྱོགས་ལ་རྔུལ་ཁྲག་མང་པོ་གཏོར། ད་ལྟ་སྤྱི་ཚོགས་ཀྱི་ལས་རིགས་ཀུན་པོས་གདེང་འཇོག་ཆེན་པོ་ཐོབ་པ་ནི་ང་ལ་མཚོན་ན་ཡར་སྐུལ་གྱི་སྒུལ་ཤུགས་ཆེན་པོ་ཞིག་ག་ལ་མིན། ཆེད་སྒྲིག་འདི་ལ་བསྡོམས་པས་གཞས་བཅུ་གསུམ་བདམས་ཡོད་ཟེར”། གཞན་གཞས་ཀྱི་ལེན་སྟངས་ལའང་དབུས་སྐད་དང་ཨ་མདོའི་སྐད་ཅི་རིགས་ཀྱིས་བླངས་ཡོད་པས་རྣམ་པ་ཕུན་སུམ་ཚོགས་ལ། བརྗོད་བྱ་ཁྱབ་རྒྱ་ཆེ་བ། གཞས་རེ་རེའི་དབྱངས་དང་ཚིག་གི་ཕ་རོལ་དུ་རང་ཉིད་ཀྱི་བརྩེ་བ་རྣལ་མ་ཞིག་མར་ཁུ་བཞིན་འཁྱིལ་ཡོད།  «མཉམ་འདྲིས»ཞེས་པའི་གཞས་འདི་ནི་ཆེད་སྒྲིག་བརྙན་འཁོར་ནང་གི་གཞས་ཐོག་མ་ཡིན་ལ། ཁོར་ཡུག་སྲུང་སྐྱོབ་བརྗོད་བྱ་ཡིན་པའི་གཞས་འདི་ནི་བསམ་ཁོ་དང་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་མཉམ་ལེན་བྱས་པ་ཡིན་ལ། གཞས་དེ་ལས་མི་རྣམས་ཀྱིས་ས་སྒང་འདིའི་རྩྭ་རྐང་ཉག་མ་གཅིག་ལའང་གཅེས་སྤྲས་བྱས་ནས། ཚེ་སྲོག་གཞན་ལ་བཟོད་པ་དང་དྲིན་ལན་གྱི་མིག་རྒྱང་རིང་པོའི་འཚོ་སྟངས་ཞིག་གོམས་པར་ཡར་སྐུལ་བྱས་ཡོད། ད་དུང་། «ཨ་མ»དང་«ཨ་མདོ་རྔ་བ» «ཐང་ཀ» «ལོ་ཙཱའི་མཁན་པོ»སོགས་གཞས་རེ་རེའི་དབྱངས་སུ་འབབ་པའི་སྤྲིན་པ་ལྟ་བུའི་འགྱུར་ཁུགས་ཀྱི་ཀློང་ན་དྭངས་གཙང་གི་ཕ་ཡུལ་རྩྭ་ཐང་ནས་ནར་སོན་པའི་གཞས་པ་ཞིག་གི་བརྩེ་དུང་འོད་དུ་འཁྱིལ་ནས་ཆར་དུ་བསྙིལ་ཡོད།    །