མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་སྒྲིག་བརྙན་འཁོར་གཉིས་པ«གྱེས་ཁ་མའི་གླུ»ཞེས་པ་དངོས་སུ་ཚོང་རར་བཀྲམས།

2013-09-17 18:12:39 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

01.jpg
ཆེད་སྒྲིག་བརྙན་འཁོར«གྱེས་ཁ་མའི་གླུ»ཞེས་པའི་འགྲེམ་སྤེལ་པར་རིས།

         ཉེ་ཆར། གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་སྒྲིག་བརྙན་འཁོར་གཉིས་པ«གྱེས་ཁ་མའི་གླུ»ཞེས་པ་དངོས་སུ་ཚོང་རར་བཀྲམས། དེའི་ནང་དུ«གྱེས་ཁའི་གླུ»དང«གཏམ་རྒྱུད་ཅིག» «ཟླ་འོད» «ཁེར་རྐྱང་གི་ཕ་ཡུལ» «སྙིང་ཉེ། སྙིང་ཉེ» «འདས་དོན»སོགས་གླུ་གཞས་བཅུ་ལྷག་འདུས་ཡོད། ཆེད་སྒྲིག་བརྙན་འཁོར་དེ་ནི་ཁོ་ཚོས་ལོ་ངོ་བདུན་གྱི་རིང་ལ་འཚོ་བའི་ཁ་མངར་སྐྱུར་གསུམ་གྱི་ཉམས་མྱོང་རྒྱུད་པ་དང་། སྣ་མང་རིག་གནས་ཀྱི་ཁོར་ཡུག་ཁྲོད་རིག་གནས་སྣ་ཚོགས་ལ་སྦྱོང་བ་བྱས་པ་ལས་བྱུང་བའི་བརྩམས་ཆོས་གསར་བ་རྐྱང་རྐྱང་ཡིན་པར་མ་ཟད། རྒྱ་ཆེའི་རོལ་མོའི་དགའ་ཕྱོགས་པ་རྣམས་ཀྱི་རེ་བ་ཡིད་བཞིན་དུ་བསྐང་ཡོད།

          རྒྱུས་ལོན་བྱུང་བ་ལྟར་ན། གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་སྒྲིག་བརྙན་འཁོར་གཉིས་པར་ཇེ་ཟི་དང་། གཞས་མ་གཏམ། R&Bསོགས་ཀྱི་ལེན་སྟངས་མང་པོ་འདུས་ཡོད་པས་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་གྱི་སྟེགས་བུའི་སྟེང་རྣམ་པ་གསར་བ་ཞིག་བསྣམས་ནས་ཡོད།