མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

གླུ་བ་སྐལ་བཟང་དོན་འགྲུབ་ཀྲུང་དབྱང་བརྙན་འཕྲིན་ཁང་གི“སྐར་འོད་ལམ་ཆེན”ཞེས་པའི་ཕྱོགས་བསྡུས་ལེ་ཚན་གྱི་ཟླ་འ

2013-09-17 18:01:31 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

        01.jpg
བོད་ཀྱི་ན་གཞོན་གླུ་བ་སྐལ་བཟང་དོན་འགྲུབ།

         ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་ནས་ལང་ཚོ་རྒྱས་པའི་བོད་ཀྱི་གཞོན་སྐྱེས་གླུ་བ་སྐལ་བཟང་དོན་འགྲུབ་ཀྲུང་དབྱང་བརྙན་འཕྲིན་ཁང་གི“སྐར་འོད་ལམ་ཆེན”ཞེས་པའི་ཕྱོགས་བསྡུས་ལེ་ཚན་གྱི་ཟླ་འགྲན་ལས་རྣམ་པར་རྒྱལ་ནས་ལོ་མཇུག་གི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པའི་གོ་སྐབས་བྱུང་། སྐལ་བཟང་དོན་འགྲུབ་ནི་ཆུང་དུས་ནས་རོལ་དབྱངས་ལ་ཧ་ཅང་དགའ་བའི་གླུ་བ་ཞིག་ཡིན་ལ། 2001ལོ་སྟེ་ཁོ་རང་ད་དུང་ལོ་ཆུང་བྱིས་པ་ཡིན་དུས་ནས་བཟུང་རོལ་དབྱངས་སྒྱུ་རྩལ་གྱི་ལམ་ལ་ཆས་ནས་བྱ་དགའ་ཡང་མང་པོ་བླངས་མྱོང་། ཁོ་རང་རྒྱ་སྐད་དང་དབྱིན་སྐད་ལ་བྱང་ཆ་ཡོད་པར་མ་ཟད་རོལ་མོའི་ཕྱོགས་ནས་ཀྱང་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་རོལ་དབྱངས་སོགས་ལ་ཧ་ཅང་བྱང་ཆ་ལྡན་པས་ཀུན་གྱིས་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།

02.jpg
གླུ་བ་སྐལ་བཟང་དོན་འགྲུབ་སྐར“འོད་ལམ་ཆེན”གྱི་གར་སྟེགས་སྟེང་ན།

       ཐེངས་འདིར་ཡང་ཁོས་རང་གི་ཐུན་མིན་གྱི་གླུ་སྐད་དང་རོལ་མོ་ལ་དུངས་བ་ཟབ་པའི་ལྷད་མེད་ཀྱི་སེམས་པ་དེས“སྐར་འོད་ལམ་ཆེན”གྱི་དཔྱད་འདེམས་པ་རྣམ་པར་སེམས་འགུལ་ཐེབས་སུ་བཅུག་པ་དང་བག་ཆགས་ཟབ་མོ་བཞག འགྲན་བསྡུར་སྐབས་ཀྱི་ལྟད་མོ་བ་མི་ཉུང་བས་ཀྱང་གླུ་བ་སྐལ་བཟང་དོན་འགྲུབ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ནས་ཁོ་རང་ལོ་མཇུག་གི་རྟིང་རྩོད་འགྲན་བསྡུར་ལས་རྣམ་པར་རྒྱལ་ཏེ་ད་ལོའི་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཆེན་མོར་ཞུགས་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།    །