首页 > རོལ་མོ། > འཕྲིན་གསར།འཕྲིན་གསར།

《སི་ཁྲོན་སྔར་བཞིན་མཛེས་ཤིང་གནམ་སར་བཀྲ་ཤིས་མཚན་མས་བརྟས་ཡོད》ཅེས་པ་རྒྱལ་སྟོན་དུས་ཆེན་ལ་ཕུལ་བ།

2013-09-17 17:58:03 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། ཀློག་གྲངས།

01.jpg

         ལུགས་གསར་གྱི་ཟླ9བའི་ཚེས14ཉིན།སི་ཁྲོན་མི་རིགས་གླུ་གར་ཚོགས་པ་དང་ཁྲིན་ཏུའུ་མི་རིགས་གླུ་བྲོ་གླིང་གཉིས་ཀྱིས་འཁྲབ་སྟོན་བྱས་པའི«སི་ཁྲོན་སྔར་བཞིན་མཛེས་ཤིང་གནམ་སར་བཀྲ་ཤིས་མཚན་མས་བརྟས་ཡོད»ཅེས་པ་དེ་རྒྱལ་ས་པེ་ཅིན་གྱི་ཐེན་ཆའོ་ཟློས་གར་ཁང་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་གཟིགས་མོར་ཕུལ་བ་རེད།རེབ་འདེའི་འཁྲབ་སྟོན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རིག་གནས་པུའུ་གཉིས་ཀྱིས་བསྒྲུབས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རིག་རྩལ་འཁྲབ་སྟོན་གྱི་ལེགས་སྐྱེས་འབུལ་བའི་ཆེད་བསྒྲིགས་ལེ་ཚན་གྲས་ཀྱི་གཅིག་ཡིན་ལ།རེབ་འདེའི«སི་ཁྲོན་སྔར་བཞིན་མཛེས་ཤིང་གནམ་སར་བཀྲ་ཤིས་མཚན་མས་བརྟས་ཡོད»ཅེས་པའི་འཁྲབ་སྟོན་གྱིས་ཕུན་སུམ་ཚོགས་པའི་ཟི་ཁྲོན་གྱི་ལོ་རྒྱུས་རིག་གནས་དང་ངོ་མཚར་བའི་མི་རིགས་ཀྱི་རིག་གནས་བརྗོད་བྱ་གཙོ་བོར་བཞག་ཡོད་ལ།ཁྱོན་ཡོངས་ནས་རང་བྱུང་ས་འགུལ་གྱི་གནོད་པ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞི་བསྐྱར་སྐྲུན་ཁྲོད་གྲུབ་འབྲས་བཟང་བོ་བླངས་པའི་སི་ཁྲོན་གྱི་ཡུལ་ལྗོངས་སྔར་ལས་མཛེས་ཤིང་།སི་ཁྲོན་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དེ་མངོན་མཚོན་བྱས་ཡོད།      །