མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

སློབ་རྭའི་གླུ་བ་གྲགས་ཅན་བསོད་ནམས་མགོན་པོས་གླུ་ལེན་ཆེད་ཚོགས་ཤིག་བསྡུས་བ།

2013-09-17 17:45:24 ཡོང་ཁུངས། དྲ་ཐོག་ནས་འདོན་སྤྲོད་བྱས། ཀློག་གྲངས།

01.jpg
གླུ་ལེན་ཆེད་འཚོགས་ཀྱི་རྒྱབ་ལྗོངས་རི་མོ།

02.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2012ལོའི་ཟླ11བའི་ཚེས12ཉིན་གྱི་དགོང་མོ་དུས་ཚོད་སྟེང་དང་ཕྱེད་ཀའི་སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡུའུ་གྲོང་སློབ་ཁུལ་ནས་སློབ་རྭའི་གླུ་བ་གྲགས་ཅན་བསོད་ནམས་མགོན་པོས་གླུ་ལེན་ཆེད་ཚོགས་ཤིག་བསྡུས་ཏེ་དགེ་སློབ་ཀུན་གྱིས་་ཁོ་ལ་བསྟོད་བསྔགས་ཡང་ཡང་ཐོབ།ཁོས་ད་བར་དུ་རྡུང་ལེན་དང་དེང་རབས་གླུ་གཞས་སོགས་མཉམ་བསྲེས་སྒོས་སློབ་གྲྭ་འདི་ན་འདིའི་ཀུན་ཕྱོགས་ནས་ཁྱབ་རྒྱ་ཇེ་ཆེ་རུ་བཏང་སྟེ་རང་གི་སྒྱུ་རྩལ་ལམ་བུའི་ཕྱོགས་ནས་གོམ་པ་མ་ལྷོད་པར་རང་གི་རྨི་ལམ་གྱི་གར་སྟེགས་འདི་ལ་སེམས་སུ་ཉར་ནས་ཡུན་རིང་འགོར།

གར་སྟེགས་སྟེང་གི་ཁོཐེངས་འདིའི་ཆེད་ཚོགས་འདི་ནི་དམིགས་བསལ་གྱི་འབྲས་བུ་ཞིག་ཐུར་དུ་དཔྱངས་བ་ལྟ་བུའི་དགོས་འདོད་ཀྱི་ཁ་སྐོང་ལྟ་བུ་ཞིག་ཏུའང་གྱུར་ཡོད་དེ་རྒྱུ་མཚན་ནི་ཐེངས་དང་བོའི་གླུ་ལེན་ཆེད་ཚོགས་ཞིག་ཡིན་པའི་རྐྱེན་རེད། ཁོས་ད་བར་དུ་རྡུང་ལེན་འགྲན་བསྡུར་དང་སློབ་རྭའི་གླུ་གཞས་འགྲན་བསྡུར་ཁྲོད་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་། ང་ཚོས་ནམ་ཡང་སྨོན་ལམ་འདེབས་པ་ནི་རྗེས་ཕྱོགས་ཁོའི་སྒྱུ་རྩལ་ལམ་བུའི་ཕྱོགས་ནས་འབྲས་བུ་གཡུར་དུ་ཟ་བའི་ཁ་གཡང་སྒྲོགས་པ་ཡིན། །