མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

ཨ་ཅག་ཚན་སྡེབ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བསྡུས་པའི2012ལོའི་ལོ་སར་དགོང་ཚོགས་སྟེང་ཞུགས་པ།

2013-09-17 17:35:11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

         ཉེ་སྔོན། ཨ་ཅག་ཚན་སྡེབ་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་འབྲུག་ལོའི་ལོ་སར་དགོང་ཚོགས་བརྙན་ཕབ་པའི་བྱ་བ་ཏག་ཏག་མཇུག་རྫོགས། ཨ་ཅག་ཚན་སྡེབ་ནི་བོད་ཁུལ་དུ་ཆེས་དགའ་བསུ་ཐོབ་པའི་ཚན་སྡེབ་ ཅིག་སྟེ། ད་ལོར་ཡང་ཁོ་མོ་ཚོའི་འཇའ་ཚོན་ལྟ་བུའི་བཟོ་དབྱིབས་གསར་བས་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་གི་ལྟད་མོ་བ་ཡོངས་ཀྱི་ཡིད་དབང་ཅིག་ཅེར་འཕྲོག མ་ཟད2012ལོར་དུས་རབས་དང་མཐུན་པའི་བཟོ་དབྱིབས་ཁྱད་འཕགས་ཅན་ཞིག་ཁ་གསབ་བྱས་ཡོད། ཕ་ཡུལ་དུ་ལོག་ནས་ལེ་ཚན་བརྙན་ཕབ་བྱེད་ཐེངས་རེར། ཕ་ཡུལ་གྱི་ཆེད་དུ་རང་ནུས་ཅི་ལྕོག་གིས་ནུས་པ་འདོན་རྒྱུ་དེ་ཁོ་མོ་ཚོར་མཚོན་ན་ཆེས་དགའ་འོས་བའི་བྱ་བཞག་ཅིག་རེད། ཁོ་མོ་ཚོ་ས་ཁུལ་སོ་སོ་ནས་ཡིན་ཕྱིར་ཁམས་སྐད་དང་ཨ་མདོའི་སྐད། རྒྱ་རོང་གི་སྐད་བཅས་བཤད་པ་རེད།དེ་རྐྱེན་གྱིས་ཐེངས་འདིའི་དགོང་ཚོགས་དང་མཉམ་དུ་ཕབ་བསྐྲུན་བྱས་པའི་ཕ་སྐད་ལེ་ཚན་ཁ་བའི་ཞབས་རྗེས་སུ་ཁོ་མོ་གསུམ་པོའི་ཡུལ་སྐད་མི་འདྲ་བ་མཉམ་བསྡུས་བྱས་ནས་བརྗོད་ཡོད། དེ་ལས་ཐེངས་འདིའི་དགོང་ཚོགས་སྟེང་གི་རྣམ་པ་གསར་བ་ལ་ཡང་ཀུན་གྱིས་རེ་སྒུག་བྱེད་དགོས་པ་ཞིག་རེད།

01.jpg
ཨ་ཅག་ཚན་སྡེབ་ཀྱི་འཇའ་ཚོན་ལྟ་བུའི2012ལོའི་དུས་རབས་དང་མཐུན་པའི་བཟོ་དབྱིབས་ཁྱད་འཕགས་ཅན་ཞིག་ཁ་གསབ་བྱས་ཡོད།

2012ལོ་སླེབས་ལ་ཉེ་བའི་དུས་འདིར། ཨ་ཅག་ཙན་སྡེབ་ཀྱིས་དཀའ་ངལ་ཁྱད་ དུ་གསལ་ནས་ཆེད་བསྒྲིགས་གསར་བ《ཨ་ཅག ཟླ་འོད་འོག་ཏུ་བསྐྱོད་པ》འགྲེམ་སྤེལ་བྱེད་ལ་ཉེ། དེ་ཡང་ཆེད་བསྒྲིགས་ཧྲིལ་བོར་བོད་ཀྱི་མཛའ་གཞས་རྣམ་པ་དང་མཐུན། དམངས་གླུའི་སྔར་ཡོད་ཀྱི་མཚན་ཉིད་དེ་གཏོར་ནས་རྣམ་པ་གསར་བ་ཞིག་ཏུ་བསྐྲུན།ཐེངས་འདིར་ཨ་ཅག་ཚན་སྡེབ“ཟླ་འོད་འོག་གི་ལྷ་སྲས”་སུ་སྤྲུལ་ནས་བཟོ་དབྱིབས་གསར་བ་དེར་ཡང་“ལྷའི་རྣམ་པ་”ཕུན་སུམ་ཚོགས་པ་ལྡན། ཕ་ཡུལ་གྱི་བརྩེ་བ་དང་རྩྭ་ཐང་གི་བརྩེ་བ་འཁྱེར་ནས་ཡིད་འགུགས་གླུ་སྐད་ཀྱིས་རྩྭ་ཐང་གི་རེ་བ་གླེང་བཞིན་མཆིས། “ཟླ་འོད་འོག་ཏུ་བསྐྱོད་པ་”ཞེས་པའི་བརྙན་ཐུང་དེ་ཁྱབ་གདལ་བཏང་མ་ཐག་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།02.jpg
ཨ་ཅག་ཚན་སྡེབ་ཀྱིས་བོད་ཆུ་འབྲུག་ལོའི་ལོ་སར་དགོང་ཚོགས་སྟེང་ཁྱད་འཕགས་ནུས་བ་ཐོན།

བོད་རིགས་བུད་མེད་ཚན་སྡེབ་ཅིག་ལ་མཚོན་ན་ཨ་ཅག་ཚན་སྡེབ་ཀྱིས་ཁོ་མོ་ཚོའི་ཁྱད་མཚར་བའི་བོད་མིའི་གཤིས་རྒྱུད་དང་ལྷན་སྐྱེས་ཀྱི་སྐད་གདངས། བབ་ཆགས་ལ་ལང་ཚོའི་སྟོབས་ཤུགས་ཀྱི་ཡོངས་སུ་རྫོགས།དེ་ལ་དགོང་ཚོགས་ཀྱི་འཁྲབ་ཁྲིད་པ་དང་རྒྱ་ཆེ་བའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།དེར་མ་ཟད་ཁོ་མོ་ཚོའི་མཚན་སྙན་གྲགས་འཕེལ་བར་མཐུན་རྐྱེན་བསྐྲུན།ཨ་ཅག་ཚན་སྡེབ་བོད་ལྗོངས་ལོ་རྒྱུས་རང་བཞིན་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར《བོད་ལྗོངས་ཀྱི་གསང་བ》(དངོས་མིང་ལ་བཀྲ་ཤིས་བདེ་ལེགས)ཟེར་བ་འཁྲབ་སྟོན་བྱས་ལ་ད་ལྟ་ལེགས་འགྲུབ་འབྱུང་བཞིན་པའི་སྒང་ཡིན། སྔོན་དཔོག་བྱས་བ་ལྟར་ན་བརྙན་ཕབ་འདི་ཕྱི་ལོའི་ཀྲུང་དབྱང་བརྙན་འཕྲིན་ཏུ་གཏོང་རྒྱུ་རེད། དེའི་ཁྲོད་ཨ་ཅག་ཚན་སྡེབ་ཀྱིས་བརྙན་ཕབ་འདིར་མཉམ་ལེན་“བྱམས་པ་བོར་སོང་”བྱས་པ་དེས་ཀུན་གྱི་སྙན་དབང་གསོས།      །