ཨ་མཆོག་ཚེ་བརྟན། ཀློག་གྲངས། ཨ་མཆོག་ཚེ་བརྟན།

༈ མཚམས་སྦྱོར་མདོར་བསྡུས།

ཨ་མཆོག་ཚེ་བརྟན་ནི་སྤྱི་ལོ་༡༩༩༡ལོའི་དབྱར་ཁར་མེ་ཏོག་གིས་ས་གཞི་བརྒྱན་ཞིང་། ཆོས་སྒྲ་ཡིས་འགྲོ་དྲུག་བདེ་ལ་འགོད་ཀྱིན་པའི་ཨ་མཆོག་ཉི་མ་ལུང་ནས་ངུ་ངག་གི་དབྱངས་རྟ་ཐོག་མ་མཆེད་པ་ཡིན་ལ། ཆུང་དུས་ནས་སྒྲ་སྙན་རྡུང་ལེན་གྱི་ཕྱོགས་ལ་དགའ་བ་ཚད་མེད་ཡོད་པ་ཞིག་ཡིན།

དེ་ལྟར་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་དྲིན་ཆེན་ཕ་མའི་གཅེས་སྐྱོང་འོག་སློབ་གྲྭར་འགྲིམས་པའི་གོ་སྐབས་ཡང་རེག་བྱུང་། ༢༠༠༠ལོར་ཉི་མ་ལུང་བཅའ་སྡོད་སློབ་ཆུང་ལ་ཞུགས་ནས་ཀ་ཁའི་སྦྱོར་ཀློག་ལ་ཐོག་མར་སྦྱངས་པ་བྱས། དེ་ལྟར་སྐས་རིམ་རེ་རེ་བཞིན་འཛེག་ནས་དམའ་འབྲིང་གཉིས་པའི་བར་སློབ་སྦྱོང་བྱེད།

2013མདོ་ཁམས་ཡུལ་གྱི་ཁྲི་སྒོར་རྟགས་མའི་རྡུང་ལེན་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་བ་ཐོབ།

མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བའི་སྟེང་བྱ་དགའ་ཨང་གསུམ་ཐོབ།

2017ངག་གི་མགྲིན་དབྱངས་ཞེས་བསྡུས་རྡུང་ལེན་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་བོ་ཐོབ།

2017ལོར་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་སྟེང་བྱ་དགའ་ཨང་གཉིས་པ་བཅས་ཐོབ།

ཁོང་གི་གཞས་ལ་ཉན་ས། http://music.tibet3.com/music/playlist/2017-11-27/397.html