པཎ་ཆེན་སྐྱབས། ཀློག་གྲངས། པཎ་ཆེན་སྐྱབས།

༈ མཚམས་སྦྱོར་མདོར་བསྡུས།

ཨ་མཆོག་པཎ་ཆེན་སྐྱབས་ནི་མདོ་སྨད་ལྷོ་རྒྱུད་ཀྱི་ཡུལ་ཚོ་གྲགས་ཆེན་ཨ་མཆོག་བདེ་མོའི་ཐང་ནས་ལྟེ་ཁྲག་འཕོས་ཞིང་གཉོམ་ལག་རྒྱས་པ་ཡིན། ཆུང་དུས་ནས་གླུ་གར་རྩེད་རིགས་ལ་དུངས་བ་ཟབ་པས། རྡུང་ལེན་སྒྱུ་རྩལ་གྱི་ལམ་བུར་ཞུགས་ཤིང་། སྔ་གཞུག་ཏུ་རྡུང་ལེན་སྤྲོ་ཚོགས་དང་འགྲན་བསྡུར་རབ་དང་རིམ་པར་ཞུགས་པ་ལས་གྲུབ་འབྲས་ཀྱང་མི་དམན་པ་བླངས་མྱོངས་སྟེ།སྤྱི་ལོ་2006ལོར་ཨ་མཆོག་ས་ཁུལ་དུ་བསྡུས་པའི་སྟག་ཆུའི་ལང་ཚོ་རྟགས་མའི་རྡུང་ལེན་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་དང་། དེར་མཐུད་ཨ་མཆོག་སྟག་ཆུའི་ལང་ཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་དུ་ཞུགས།

640-3.jpg

སྤྱི་ལོ་2007ལོར་སྟག་ཆུའི་ལང་ཚོའི་རྩ་འཛུགས་དང་རྒྱབ་སྐྱོར། དགེ་རྒན་ཚོའི་མཛུབ་སྟོན་འོག་རྨ་ཆུར་བསྡུས་པའི་གེ་སར་རྟགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

640-4.jpg

གཞན་ཡང་བོད་མདོ་དབུས་ཁམས་གསུམ་ལ་ཤུགས་རྐྱེན་དང་བག་ཆགས་ཟབ་ཤོས་ཀྱི་ལོ་སར་སྤྲོ་ཚོགས་དང་རྡུང་ལེན་དགོང་ཚོགས་སོགས་ལ་ཆེད་དུ་གདན་འདྲེན་བྱས་མྱོང་སྟེ། སྤྱི་ལོ་2010ལོའི་བོད་ཁམས་ཡུལ་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཇོ་མོ་གླང་མའི་གཟི་འོད་ཞེས་པའི་གདན་ཞུས་གླུ་བ་དང་། ཉི་མའི་གླིང་གི་གཟི་དཔལ་ཞེས་པའི་ཀན་ལྷོའི་ཡུལ་གྱི་ལོ་སར་སྤྲོ་ཚོགས་ཆེན་མོའི་གདན་ཞུའི་གླུ་བ། སྤྱི་ལོ་2011ལོར་བསང་ཆུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཨ་མདོ་བུམ་རྟགས་ཅན་གྱི་དམངས་གླུ་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་བཅས་ཐོབ།

640-6.jpg

སྤྱི་ལོ་2014ལོའི་བཙན་པོའི་སྦྲ་ཁྱིམ་བོད་ཡུལ་དུ་བསྐྱོད་པའི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཆེན་མོའི་གདན་ཞུའི་གླུ་བ་བཅས་དགོང་ཚོགས་དང་སྤྲོ་ཚོགས་མི་ཉུང་བ་ཞིག་ལ་ཞུགས། ལྷག་པར་དུ་སྤྱི་ལོ་2014ལོར་གསེར་མདོག་གི་སྟོན་འབྲས་དང་འགྲོགས་ནས་ཁོའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་འབོད་སྐུལ་གྱི་ཅོང་བརྡ་ཞེས་པ་རྒྱ་ཆེའི་བོད་རོང་འབྲོག་སྤུན་ཟླ་རྣམ་པའི་སྤྱན་ལམ་དུ་འབུལ་བ་བཅས་ལོ་ངོ་བཅུ་ཕྲག་ལྷག་ལ་རྡུང་ལེན་སྒྱུ་རྩལ་གྱི་ལམ་བུར་བསྐྱོད་པའི་བརྒྱུད་རིམ་མདོ་ཙམ་དང་གྲུབ་འབྲས་ཕྲན་བུ་ཙམ་ཞུས་པའོ།།