ལྷ་དཀར་སྒྲོལ་མ། ཀློག་གྲངས། ལྷ་དཀར་སྒྲོལ་མ།

༈ མཚམས་སྦྱོར་མདོར་བསྡུས།

        མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚའི་ཡུལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་གླུ་མ་ཞིག་ཡིན། 2014ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་བསྡུས་པའི་ལོ་སར་སྤྲོ་ཚོགས་སྟེང་ཞུགས་ནས《ལྷན་འཛོམས》ཞེས་པའི་གཞས་སྙན་མོ་ཞིག་བཏང་བ་དེས་མོའི་མཚན་སྙན་བོད་ཁམས་ཡོངས་སུ་གྲགས།མོའི་གླུ་སྐད་ཀྱི་གཟེངས་མཐོ་ཞིང་གཞས་གདངས་ཀྱི་ཁོད་ཡངས་བ་དེས།གདོང་དམར་བོད་པ་ཚོའི་བརྒྱུད་ན་ལྷན་སྐྱེས་སུ་ཡོད་པའི་གླུ་གར་སྒྱུ་རྩལ་གྱི་བརྩེ་བ་ཟབ་མོ་དེ་ངང་གིས་མཚོན་ཐུབ།ཁོ་མོས་ཚོར་བ་རྣལ་མ་དང་བརྩེ་བ་དྲོན་མོ་ཟུང་དུ་འབྲེལ་ནས་སྔ་གཞུག་ཏུ《ཕ་མ》དང《ལྷན་འཛོམས》ཞེས་པའི་གཞས་གཉིས་བཏང་བར་རྒྱ་ཆེ་བའི་ཉན་མཁན་ཚོས་དགའ་བསུ་ཚད་མེད་གནང་བཞིན་ཡོད།   །

གཞས་ལ་གསན་རོགས།  http://music.tibet3.com/music/playlist/2014-03-05/144.html