ཨཱ་ཚེ། ཀློག་གྲངས། ཨཱ་ཚེ།

༈ མཚམས་སྦྱོར་མདོར་བསྡུས།

         ཨཱ་ཚེ། བོད་རིགས་ན་གཞོན་གླུ་མ་ཨཱ་ཚེ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚྭའི་ཡུལ་དུ་སྐྱེས་ཤིང་། 2013ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་འཁོར་སྡེ་ཁག་ནས་སློབ་མཐར་ཕྱིན། ཁོ་མོར་རང་བྱོན་གྱི་སྐད་ངག་སྙན་མོ་ཞིག་དང་ལྷན་སྐྱེས་ཀྱི་སྐྱེས་གཟུགས་ཡག་པོ་ཞིག་ཡོད་པས། རང་ཉིད་ཀྱི་དགའ་ཕྱོགས་ཏེ། རོལ་མོ་སྒྱུ་རྩལ་གྱི་བགྲོད་ལམ་སྟེང་རུས་རྐང་ལས་མཆེད་པའི་འཇོན་ཐང་ཞིག་དང་གཞན་ལས་ལྷག་པའི་གྲུབ་འབྲས་ཤིག་ངང་གིས་བླངས་ཡོད། ཁོ་མོས་སློབ་གཉེར་གྱི་ཞོར་དུ་རང་གི་དགའ་ཕྱོགས་ལྟར་རོལ་མོ་སྒྱུ་རྩལ་གྱི་ཐད་ལ་རང་སྦྱོང་དང་ཚོད་ལྟ་གང་མང་བྱས་མྱོང་སྟེ། 2010ལོར“རི་སྤྱང་རོལ་མོ་ལས་སྒྲུབ་ཁང”གི་མིང་རྟགས་བཀོད་པའི་གླུ་མར་གྱུར་བ་དང་། ལོ་དེར“རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐབས་གསུམ་པའི་སློབ་ཆེན་སློབ་མའི་གླུ་བྲོ་འགྲན་བསྡུར”ཁྲོད་ཕུལ་བྱུང་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོ་བའི་སློབ་རའི་གླུ་བ་འགྲན་བསྡུར་ཁྲོད་གཟེངས་རྟགས་ཨང་དང་པོ་ཐོབ། 2011ལོར་གདན་ཞུ་ལྟར“སྟོབས་ཀྱིས་འགྱིངས་པའི་ཡུས་ཧྲུའུ། དམངས་ལ་དྲིན་ལན་མཇལ། 4.14ཡུས་ཧྲུའུ་ས་འགུལ་བྱུང་ནས་ལོ་འཁོར་གཉིས་ལོན་པའི་རྗེས་དྲན”རིག་རྩལ་སྤྲོ་ཚོགས་སྟེང་སྙིང་རྗེས་མཁན་པོའི་མཚན་སྙན་ཐོབ་པ་དང་། དེ་མིན། མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི“མཚོ་སྔོན་གྱིས་བརྗེད་མི་སྲིད”ཅེས་པའི་རིག་རྩལ་སྤྲོ་ཚོགས་སུ་ཞུགས་ནས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།  ཁོ་མོའི་བརྩམས་ཆོས་ལ། 《ཆར་ཤུལ་གྱི་རྨི་ལམ》《བྱམས་སྙིང་རྗེས》《སྤྲོ་འཛོམས》《དབྱངས་ཅན་མའི་བསྟོད་པ》《བསིལ་རླུང་ཁྲོད་ཀྱི་དྲན་གདུང་།》《བརྩེ་འཕྲིན་ཐུང་ངུ》《གནག་རྗེས་ཀྱི་ལོ་ཟླ》སོགས་ཡོད།    །

    གཞས་ལ་གསན་རོགས།  http://music.tibet3.com/music/playlist/2013-10-30/87.html