སྒྲོལ་སྒྲོལ་མ། ཀློག་གྲངས། སྒྲོལ་སྒྲོལ་མ།

༈ མཚམས་སྦྱོར་མདོར་བསྡུས།

    སྒྲོལ་སྒྲོལ་མ་ནི་སི་ཁྲོན་དཀར་མཛེས་ཁུལ་གྱི་ཡངས་ཤིང་རྒྱ་ཆེ་ཞིང་མཛེས་སྡུག་ཡིད་དུ་འོང་བའི་རྩྭ་ཐང་ཆེན་མོ་རྫ་ཆུ་ཁ་རུ1989ལོར་སྐྱེས་ཤིང་། ཆུང་དུས་ནས་གླུ་དབྱངས་སྒྱུ་རྩལ་ལ་དུང་བ་ཧ་ཅང་ཟབ། ཁོ་མོའི་སྐད་ངག་སྙན་མོ་དེ་བོད་ཀྱི་སྲོལ་རྒྱུན་དབྱངས་རྟ་མཐོན་པོ་དེ་དང་མི་འདྲ་བར། བརྩེ་བས་ཕྱུག་པའི་འགྱུར་ཁུག་སྙན་མོ་དེ་ནི་དག་གཙང་ཆུ་མིག་ཅིག་དང་འདྲ་བར་ཉན་མཁན་གྱི་རྣ་དབང་དང་ཡིད་དབང་ཅིག་ཅར་འཕྲོག་པ་ཞིག་རེད། མིང་གྲགས་ཆེ་བའི་རོལ་དབྱངས་མཁན་མང་པོ་ཞིག་སྒྲོལ་སྒྲོལ་མའི་དྭངས་གཙང་སྐད་ངག་གིས་ཡིད་འགུག་ཐེབས་ཡོད།མིང་གྲགས་ཆེ་བའི་རོལ་དབྱངས་མཁན་ཏན་ཏན་གྱིས་ཁོ་མོའི་སྐད་ངག་ནི་ཧ་ཅང་ཞིབ་ཚགས་དང་ཁྱད་ཆོས་འབུལ་ཐོན་ཅན་ཞིག་ཡིན་པས། ཚེ་སྲོག་ནུས་ཤུགས་ཡུན་རིང་ལྡན་པ་དང་། ཁོ་མོ་ང་རང་ལ་གསར་རྩོམ་གྱི་འཚོལ་སྣང་མང་པོ་གཏེར་མྱོང་ཞེས་བརྗོད་པ་རེད།
       བོད་པའི་བུ་མོ་སྒྲོལ་སྒྲོལ་མ་ནི་ཆུང་དུས་ནས་རྩྭ་ཐང་སྟེང་རྩེད་འཇོ་རོལ་བར་དགའ་བས། ཁོ་མོས་དམངས་གླུ་དག་ལེན་བཞིན།རྩྭ་ཐང་དང་ལུག་ཁྱུ་ཡོད་ཚད་གླུ་དབྱངས་ཁྲོད་དུ་བླངས་ཡོད། ཕ་ཡུལ་ལ་བརྩེ་བ་དམ་པོ་བཅངས་ནས་འགྲུལ་སྐྱོད་ཀྱི་ལམ་ལ་ཞུགས། ཁོ་མོས་རོལ་དབྱངས་ཐད་ཀྱི་བསམ་ཚུལ་གླེང་བའི་སྐབས་སུ། ངས་བསམ་ན་སྐད་ངག་དྭངས་གཙང་ཞིག་དང་གླུ་ཚིག་དགེ་བར་འབོད་སྐུལ་བྱེད་པ་ཞིག་ལ་ད་གཟོད་ཚེ་སྲོག་ནུས་ཤུགས་ལྡན་པ་རེད། དེས་སྟབས་ཀྱིས་ང་རང་གིས་གླུ་དབྱངས་ཀྱི་ཁྲོད་ནས་བརྩེ་བ་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བཤད།
     2012ལོར་ཁོ་མོའི་གླུ་དབྱངས་ཐོག་མ《ཆུང་འདྲིས》ལྷ་སའི་བར་སྐོར་གླིང་དུ་དར་ཁྱབ་ཆེན་པོ་བྱུང་བ་ནས་བཟུང་།རོལ་དབྱངས་ལས་རིགས་ཀྱི་མི་སྣ་མང་པོས་གདེང་འཇོག་ཆེན་པོ་ཐོབ་པ་མ་ཟད།དྲ་ཚིགས་མང་པོས་སྤེལ་གཏོང་བྱས་པ་རེད།དེ་མ་ཟད་བོད་ཁུལ་གྱི་ཆེས་དགའ་བསུ་ཐོབ་པའི་ཁ་པར་དྲིལ་བརྡ་ལའང་གྱུར་ཡོད་པ་རེད།གླུ་དབྱངས་དེ་ནི་བོད་ལྗོངས་ཀྱི་མིང་གྲགས་ཆེ་བའི་རོལ་དབྱངས་པ་བདེ་སྐྱིད་དང་སྒྲོལ་སྒྲོལ་མ་གཉིས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ལ། བོད་ལྗོངས་གོང་པོའི་དམངས་གླུའི་ཁྱད་ཆོས་མངོན་གསལ་ལྡན་ཡོད་པ་རེད།མི་སེམས་འགུག་པའི་སྐད་ངག་དང་འགྱུག་ཁུག་གིས་རབ་ཏུ་ཕྱུག་པའི་རོལ་དབྱངས་སྙན་མོ་ལྡན་པ་རེད། གླུ་དབྱངས་དེ་ནི་བུ་མོ་ཆུང་ཆུང་ཞིག་གི་ཆེས་ཐོག་མའི་དྭངས་གཙང་དྲི་མ་མེད་པའི་བརྩེ་དུང་མཚོན་པ་ཡིན་ལ།རོལ་དབྱངས་རྣ་བར་སྙན་ཞིང་འགྱུར་ཁུག་ལྡན་པ་ཞིག་ཡིན། ཐ་ན་གཉེན་སྟོན་སྤེལ་མཁན་མང་པོ་ཞིག་གིས་ཀྱང་རོལ་དབྱངས་དེ་གཉེན་སྟོན་མཛས་སྒོའི་སྟེང་དུ་གཏོང་བ་རེད།
      སྒྲོལ་སྒྲོལ་མས་སྔོན་དུས་སྤྱི་ལོ2011ལོར་ཀྲུང་གོའི་བོད་གླུ་འགྲན་བསྡུར་པེ་ཅིན་འགྲན་ཁུལ་ནས་ཐད་གར་རིམ་འཕར་ཆོག་མཆན་ཐོབ་མཁན་ཐོག་མ་ཡིན་པ་རེད། 2011ལོར་བོད་ལྗོངས་ཞི་བས་བཅིངས་གྲོལ་བཏང་བར་རྗེས་དྲན་བྱེད་པའི་རིག་རྩལ་དགོང་ཚོགས་སུ་ཞུགས།ཁོ་མོས་དུས་ནམ་ཡང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟན་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་རེད།མཐའ་མར་སྤྱི་ལོ2013ལོའི་ཟླ་བ་བརྒྱད་པར་ཁོ་མོས་རང་ཉིད་ཀྱི་ཆེད་སྒྲིག་ཐོག་མ་སྒྲོལ་སྒྲོལ་མ་ཞེས་པ་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་བ་རེད།   །