ཨ་མཆོག་མགོན་པོ། ཀློག་གྲངས། ཨ་མཆོག་མགོན་པོ།

༈ མཚམས་སྦྱོར་མདོར་བསྡུས།

གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ནི། ཕྱི་ལོ་1978ལོར་མདོ་སྨད་ཨ་མཆོག་མཚན་ཉིད་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་དམངས་གླུ་དང་རྡུང་ལེན་སོགས་ཀྱི་ཕྱོགས་ལ་རང་སྦྱོང་གང་ཐུབ་དང་། ལྷག་པར་དུ་ཨ་མདོའི་རྡུང་ལེན་མཁན་པོ་རྒན་དཔལ་མགོན་དང་ཨ་མདོའི་དབྱངས་ཀྱི་རྒྱལ་པོ་རྡོ་རེད་གཉིས་དགེ་རྒན་དུ་བསྟེན་ནས་རྡུང་ལེན་སྒྱུ་རྩལ་གྱི་ཕྱོགས་ལ་སྦྱངས་པ་མི་དམན་པ་བྱས། སྐབས་དེར་རྡུང་ལེན་པ་དག་ལ་དེང་སང་ལྟ་བུའི་ཁོར་ཡུག་དང་སྤྱི་ཚོགས་ཀྱིས་གདེངས་འཇོག་མེད་པ་གང་ཞིག་ལ། གར་སྟེགས་དང་མཐུན་རྐྱེན་གྱི་ཕྱོགས་ནས་ཀྱང་དེ་ཙམ་འཛོམས་པོ་མེད་མོད། འོན་ཀྱང་། ཁོང་གིས་ཁ་ཞེ་གཉིས་མེད་ངང་རྡུང་ལེན་སྒྱུ་རྩལ་གྱི་ཕྱོགས་ལ་འབད་པ་ལྷུར་ལེན་བྱས་པའི་འབྲས་རྟགས་སུ། ཁོང་གིས་རྒྱལ་སྤྱིའི་གར་སྟེགས་སྟེང་གི་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་སྟོང་ཆ་དེ་བསྐངས་ཡོད་པ་མ་ཟད། ཤར་ནུབ་ཀྱི་རྒྱལ་ཁབ་ཉེར་དྲུག་ལྷག་གི་ནང་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱེར་རྡུང་ལེན་གསུམ་བྱས་པར། ཤར་ནུབ་ཀྱི་མི་རིགས་འདྲ་མིན་གྱིས་ཁོང་གི་སྒྱུ་རྩལ་གྱི་ལམ་བུ་དེར་གདེངས་འཇོག་དང་སྙན་ཞིང་འཇེབས་པའི་སྐད་ངག་ལ་དགའ་བསུ་མི་དམན་པ་ཐོབ་ཡོད། ཁོང་ནི་དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁ་ན་ཊ་ལ་བཞུགས་ཤིང་ཁོང་གིས་མུ་མཐུད་དེ་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་ཤུགས་སྣོན་དང་དེ་ཕྱོགས་ལ་འབད་པ་ལྷུར་ལེན་གནང་མུས་བཅས། ངོ་སྤྲོད་མདོར་བསྡུས་སུ་སྤེལ་བ་དགེའོ།  །