རྡོ་རྗེ་མཚོ་མོ། ཀློག་གྲངས། རྡོ་རྗེ་མཚོ་མོ།

༈ མཚམས་སྦྱོར་མདོར་བསྡུས།

  གླུ་མ་རྡོ་རྗེ་མཚོ་མོ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུ་རྩྭ་ཐང་ནས་འཚར་ལོངས་བྱུང་པའི་གསར་སྐྱེས་གླུ་མ་ཞིག་སྟེ། ཁོ་མོའི་ཐུན་མིན་གྱི་སྐད་ངག་སྙན་མོ་དེ་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་ཡུལ་མི་སྤུན་ཟླ་ཚོའི་སེམས་ཀྱི་ཟབ་སར་གསལ་ལྷང་ལྷང་གིས་འཁྱིལ་ཡོད། ད་ལོ་མོ་ལོ་ཉེར་གཅིག་ལ་སོན་པའི་གླུ་མ་རྡོ་རྗེ་མཚོ་མོ་ནི་བོད་དམངས་ཁྲོད་ཀྱི་དམངས་གླུའི་ན་ཆུང་གླུ་མ་ཞིག་ཡིན་ལ། མོ་ལོ་བཅོ་ལྔའི་སྟེང་ནས་བཟུང་སྡེ་བའི་ནང་གི་སྟོན་མོ་སོགས་བྱ་འགུལ་རབ་དང་རིམ་པའི་ཁྲོད་མ་བཅོས་རང་བྱུང་གི་མགྲིན་ངག་སྙན་མོ་དབྱངས་ལ་བཀུག་ཅིང་། རྗེས་སོར་རྫོང་དང་ཁུལ་རིམ་པས་བསྡུས་པའི་གླུ་གཞས་འགྲན་སྡུར་རབ་དང་རིམ་པའི་ཁྲོད་ཞུགས་པར་མ་ཟད་གྲུབ་འབྲས་ཀྱང་ཅུང་བཟང་པོ་ཐོབ་མྱོང་། ད་ལྟ་ཁོ་མོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གླུ་གར་ཚོགས་པར་ཡོད། ང་ཚོས་རྩྭ་ཐང་གི་སྐལ་བཟང་མེ་ཏོག་ལྟ་བུའི་གླུ་མ་རྡོ་རྗེ་མཚོ་མོའི་ཕུགས་བསམ་གྱི་འགྲུལ་བཞུད་རིང་མོའི་སྒྱུ་རྩལ་དད་སྙེག་གི་འཚོ་བའི་ཁྲོད་མི་རིགས་རང་གི་རྩམ་དྲི་དང་མར་དྲི་མ་ཡལ་བའི་དམངས་གླུ་མང་པོ་ཞིག་དྲུག་འགྱུར་ངག་ལ་བཀུག་ནས་བོད་གངས་ཅན་པ་དག་གི་སྙན་ལམ་དུ་འབུལ་རྒྱུ་དང་བསམ་དོན་ཡོད་ཚད་བདེ་བླག་ངང་འགྲུབ་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ།   །