ཚེ་བརྟན་སྒྲོལ་མ། ཀློག་གྲངས། ཚེ་བརྟན་སྒྲོལ་མ།

༈ མཚམས་སྦྱོར་མདོར་བསྡུས།

        ཚེ་བརྟན་སྒྲོལ་མ།  1937ལོའི་ཟླ8པར་སྐྱེས། བོད་ལྗོངས་གཞིས་རྩེ་ནས་ཡིན།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན།
        1956ལོའི་ཟླ11པར་ལས་ཀར་ཞུགས།1961ལོའི་ཟླ4པར་ཏང་ནང་ཞུགས།1964ལོར་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གླུ་དབྱངས་ཚན་ཁག་ནས་ཐོན།1974ལོ་ནས1981ལོ་བར་བོད་རང་སྐྱོང་ལྗོངས་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནང་།1988ལོ་ནས1993ལོ་བར་སྔ་རྗེས་སུ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡིན་ཧྲུའུ་ཅི་དང་།བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་རོལ་དབྱངས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ།བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་སོགས་ཀྱི་གོ་གནས་བཞེས།1996ལོར་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཀྲུའུ་ཞི་གཞོན་པ་གནང་།རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པ་དང་སྐབས་བརྒྱད་པའི་ཨུ་ཡོན་གནང་།

      ཁོང་གིས་དེ་སྔ་བོད་ཀྱི་ཚབ་གནང་ནས་པེ་ཅིང་དུ་ཕེབས་ཏེ་རྒྱལ་ཁབ་རིམ་པའི་འཁྲབ་སྟོན་གལ་ཆེན་ནང་ཞུགས་པ་དང་རོལ་དབྱངས་ཟློས་གར་གྱི་ལོ་རྒྱུས་སྙན་ངག་ཆེ་གྲས《ཤར་ཕྱོགས་དམར》ཞེས་པའི་འཁྲབ་སྟོན་ནང་ཞུགས་མྱོང་ཡོད་པ་དང་གླུ་གར་ཆེ་གྲས《རལ་པའི་བརྩེ་སེམས》ཞེས་པའི་སྣེ་ཁྲིད་གཞས་གཏོང་མཁན་གནང་བ།ཁོང་གིས་བཏང་གནང་བའི《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》དང་།《གླུ་ཞིག་བླངས་ནས་ཏང་ལ་འབུལ》《པེ་ཅིང་གསེར་གྱི་རི་ལ》《ཨ་མ་གཅིག་གི་བུ་ཕྲུག》ཆང་གཞས《ང་ཚོ་འདི་ལ་འཛོམས་འཛོམས》《གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་བཀོད》《མཛེས་པའི་བོད་ལྗོངས་གཅེས་པའི་ཕ་ཡུལ》སོགས་ཀྱི་གླུ་གཞས་དུས་ཡུན་རིང་པོའི་ནང་ང་ཚོའི་སེམས་ནང་ཡུན་རིང་འཁོར་གྱི་ཡོད།
  ཁོང་གིས་དེ་སྔ་རང་རྒྱལ་གྱི་ཚབ་གནང་ནས་ཕུན་ལན་དང་།དེ་སྔའི་སུའུ་ལེན།པོ་ལན།ལོའོ་མ་ཉི་ཡ།ཨ་རི།དབྱིན་ཇི།འཇར་མན།ཕ་རན་སི་སོགས་རྒྱལ་ཁབ་དང་ས་ཁུལ་དུ་འཚམས་འདྲི་གནང་བར་ཕེབས་མྱོང་ཡོད།ཁོང་རང་ཉིད་སྔ་རྗེས་སུ《ཀྲུང་གོའི་རིག་གནས་སྒྱུ་རྩལ་མཁས་ཅན་གྱི་གྲགས་ཅན་མི་སྣའི་ཚིག་མཛོད་ཆེན་མོ》དང་།《ཀྲུང་གོའི་རིགས་གཞན་གཅིག་མཁས་ཅན་བའི་མིང་གི་ཚིག་མཛོད》《ཀྲུང་གོའི་རོལ་དབྱངས་མཁས་ཅན་གྱི་གྲགས་ཅན་མི་སྣའི་དཀར་ཆག》སོགས་ནང་འཁོད་ཡོད་པ་རེད།    །