བཅིངས་འགྲོལ་སྒྲོལ་མ། ཀློག་གྲངས། བཅིངས་འགྲོལ་སྒྲོལ་མ།

༈ མཚམས་སྦྱོར་མདོར་བསྡུས།

བཅིངས་འགྲོལ་སྒྲོལ་མ།  མཛེས་པའི་བུ་མོ་བཅིངས་འགྲོལ་སྒྲོལ་མ་ནི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཤམ་བྷ་ལ་རྫོང་ནས་ཡིན་པ་དང་། དེ་ནི་ཤམ་བྷ་ལ་དང་ད་དུང་སྤྱི་ལེ༢༠༠ཡོད་པའི་རྒྱང་རིང་ལུང་ཁུག་གི་ས་ཁུལ་ཞིག་ཡིན། བོད་རིགས་ཀྱི་ཕྲུ་གུ་གཞན་དང་འདྲ་བར་གླུ་དབྱངས་དང་ཟློས་གར་ལ་དགའ་བའི་སྒྲོལ་མས་ཆུང་དུས་ནས་གཡག་གི་སྒལ་སྟེང་དུ་གླུ་དབྱངས་ལེན་པ་དང་མི་རྒན་པའི་ས་ནས་བོད་རིགས་ཀྱི་དམངས་གླུ་སྦྱངས་ཡོད། སྒྲོལ་མ་གླུ་གཞས་ལ་དགའ་བའི་རྒྱུ་རྐྱེན་ནི་སྟབས་བདེ་དང་རླབས་ཆེན་ཞིག་ཡིན་ཞིང་། དེ“ཕ་ཡུལ་གྱི་གླུ་ཧ་ཅང་སྙན་པོ་འདུག ངའི་སྐད་ཀྱིས་དེ་བས་མང་བའི་མིས་གླུ་དེ་དག་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་པ་དེ་ཡིན།

    ཕུགས་བསམ་གྱི་ཕྱོགས་སུ་སྙེགས་པའི་ལམ་བུ་ནི་བདེ་པོ་དེ་འདྲ་ཞིག་ག་ལ་ཡིན། སྒྲོལ་མ་ལོ༡༤ལ་སླེབས་དུས་གླུ་གཞས་སྦྱངས་པ་དང། གླུ་གཞས་གཏོང་བའི་གོ་རྟོགས་ཆེན་པོ་ཡོད།

    དེ་རིང་གི་སྒྲོལ་མ་ནི་གྲུབ་འབྲས་ཀྱིས་ཁེངས་པ་ཞིག་ཡིན་ཞིང་། ཁོ་མོའི་རང་བྱུང་ཁམས་ཀྱི་སྐད་སྒྲ་དང་འདྲ་བའི་གླུ་སྐད་དེ་དཔྱིད་དུས་ཀྱི་སྔོ་ལྗང་འཇིག་རྟེན་ཞིག་དང་འདྲ་བར་བདེ་ཆེན་གྱི་ས་གཞི་ཆེན་པོའི་ཐོག་མཆེད་བཞིན་ཡོད་པ་དང་། ཡུན་ནན་གྱི་གླུ་གཞས་པའི་སྤོབས་པ་ལའང་འགྱུར་ཡོད།

    2004ལོར་སྒྲོལ་མས་རྒྱལ་ཡོངས་ཀྱི་གོ་སླའི་གཞས་ཀྱི་གླུ་གཞས་པའི་འགྲན་བསྡུར་ཆེན་མོར་ཞུགས་པར་གསེར་གྱི་བྱ་དགའ་ཐོབ་པ་དང་། ལོ་དེར་ཁོ་མོའི་གླུ་གཞས་ཆེད་བསྒྲིགས་ཐོག་མ་ཕ་ཡུལ་གྱི་གླུ་སྒྲ་ཞེས་པ་དེ་འགྲེམས་སྤེལ་བྱས།

    སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་ལས་ཁུངས་དང་ཀོང་ཞི་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་སོགས་སུ་ལོ་སར་རིག་རྩལ་སྤྲོ་ཚོགས་དགོང་ཚོགས་ལ་ཞུགས།

    མཛེས་པའི་བུ་མོ་སྒྲོལ་མ་ལ་སྙན་ཞིང་འཇེབས་པའི་གླུ་སྒྲ་ཡོད་པས་མ་ཚད། ད་དུང་ཤིན་ཏུ་བཟང་བའི་སེམས་རྒྱུད་ཅིག་ཡོད་སྟབས། མིང་གྲགས་གང་ཙམ་ཆེ་རུང་ཕ་ཡུལ་གྱི་དབུལ་པོ་རྣམས་མ་བརྗེད་པར་རང་ཉིད་ཀྱིས་འགྲོ་གྲོན་བཏང་ནས་དྭ་ཕྲུག་ཁང་བཙུགས་པ་དང་། ཤང་ཀང་དུ་འཁྲབ་སྟོན་བྱས་ནས་ཐོབ་པའི་ཡོང་སྒོ་རྣམས་རང་དགར་ཆུད་ཟོས་སུ་མ་གཏོང་བར་ཡུན་ནན་ཞིང་ཆེན་གྱི་དབུལ་པོ་ཚོར་ཞལ་འདེབས་སུ་ཕུལ་བཞིན་ཡོད།    །